ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཀྱི་ས་ཁུལ་ཁ་ཤས་ཀྱི་མང་ཚོགས་ཡོངས་ལ་ཉིང་སྐྱུར་བཤེར་འཇལ་བྱེད་པའི་སྐོར་གྱི་སྤྱི་བསྒྲགས།
ཁོངས་གཏོགས་ས་ཁུལ་གྱི་རྒྱ་ཆེའི་མང་ཚོགས་རྣམ་པ། གྲོང་ཁྱེར་སྤྱིའི་རིམས་ནད་འགོག་སྡོམ་བྱ་བའི་དགོས་དབང་གིས་མཁར་ནུབ་ཆུས་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་ཁུངས་གཏོགས་གྱི་ས་ཁུལ་ཁ་ཤས་ཀྱི་མང་ཚོགས་ཡོངས་ལ་ཉིང་སྐྱུར་བཤེར་འཇལ་བྱེད་དགོས་པ་ཐག་བཅད། ད་ཡོད་འབྲེལ་ཡོད་སྤྱི་བསྒྲགས་གཤམ་གསལ་ལྟར།
གཅིག བཤེར་འཇལ་ཁྱབ་ཁོངས།རྨ་ཆུ་ལམ་གྱི་ནུབ་རྒྱུད་དང་ཐུན་རིན་ལམ་གྱི་ཤར་རྒྱུད། ཞི་ཀོན་ལམ་ཆེན་གྱི་བྱང་རྒྱུད། ལྔ་བཞི་ལམ་ཆེན་གྱི་ལྷོ་རྒྱུད་ཀྱི་ཁོངས་གཏོགས་སྡོད་དམངས་ཡོངས། དེའི་ཁྲོད་དུ་ཞིང་ཆེན་གཞན་པ་ནས་ཕྱིར་ཟི་ལིང་དུ་ལོག་པའི་མི་སྣས་རང་འགུལ་སྒོས་ཡར་ཞུ་བྱེད་དགོས་ལ། བཤེར་འཇལ་དང་ལེན་བྱེད་དགོས།
གཉིས། བཤེར་འཇལ་དུས་ཚོད།ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་ནས་དུས་ཚོད་དྲུག་གི་བར།
གསུམ། མཉམ་འཇོག་བྱེད་དགོས་ས།
དང་པོ། རྒྱ་ཆེའི་མང་ཚོགས་ཀྱིས་སྡེ་ཁུལ་བྱ་བའི་མི་སྣའི་བཀོད་སྒྲིག་ལ་ཉན་དགོས། སྔོན་ལ་གཏན་ཁེལ་བྱས་པའི་དུས་ཚོད་ནང་སྤྱི་བསྒྲགས་བྱས་པའི་མ་དཔེ་ལེན་སའི་ས་ཚིགས་སུ་ཉིང་སྐྱུར་བརྟག་འཇལ་བྱེད་དགོས་ལ། ནང་ཉེ་མི་སྤུན་གྲོགས་དང་རུ་སྐོར་བར་བཤད་དགོས་པ་དང་ངེས་པར་དུ་བརྟག་དགོས།
གཉིས་པ། རྒྱ་ཆེའི་མང་ཚོགས་ཀྱིས་ཐོབ་ཐང་ལག་འཁྱེར་འཛིན་དགོས་པ་དང་རང་འགུལ་སྒོས་བདེ་ཐང་ཨང་རིས་དང་འགུལ་སྐྱོད་ཨང་རིས་སྟོན་དགོས།
གསུམ་པ། ཉེན་ཁ་སྔོན་འགོག་བྱེད་ཆེད། ཚང་མས་ཡུལ་དངོས་བྱ་བའི་མི་སྣའི་བཀོད་འདོམས་ལ་ཉན་དགོས་ལ། བརྒྱུད་རིམ་ཧྲིལ་བོར་ཁ་ཐུམ་རྒྱག་དགོས་པ་དང་གྲལ་སྒྲིག་པ། མི་གཞན་དང་སྨི་གཅིག་གི་ཡན་གྱི་བར་ཐག་འཛིན་པ། ཁ་བརྡ་མི་བྱེད་པ། འདུ་འཛོམས་མི་བྱེད་པ། མཉམ་རུབ་མི་བྱེད་པ་བཅས་བྱེད་དགོས།
བཞི་པ། བཤེར་འཇལ་མཇུག་འབྲས་ལ་ཤན་ཤུགས་མི་བཟོ་བའི་ཆེད་དུ། མ་དཔེ་མ་བླངས་སྔོན་གྱི་ཆུ་ཚོད་གཉིས་ཀྱི་ནང་དུ་ཟས་མི་བསྟེན་པ་དང་། སྐར་མ་སུམ་ཅུའི་ནང་ཐ་མག་འཐེན་པ་དང་ཆང་འཐུང་བ། ཐང་ཆུ་ལྡད་པ་སོགས་མི་བྱེད་རོགས། བཤེར་འཇལ་མཇུག་འབྲས་མ་ཐོན་གོང་ཁྱིམ་དུ་སྡོད་ཅི་ཐུབ་བྱེད་དགོས་ལ། ངེས་པར་དུ་ཕྱི་ལ་འགྲོ་དགོས་ཀྱང་ཅི་ཐུབ་ཀྱིས་སྤྱི་བའི་འགྲིམ་འགྲུལ་རླངས་འཁོར་ལ་མི་སྡོད་རོགས།
ལྔ་པ། བཤེར་འཇལ་ས་ཚིགས་སུ་འགྲོ་མི་ཐུབ་པའི་རྒན་པ་དང་ནད་པ་སོགས་འགྲོ་འདུག་མི་བདེ་བའི་མི་སྣའི་ཁྱིམ་མིས་ཡུལ་དངོས་བྱ་བའི་མི་སྣར་གནས་ཚུལ་བཤད་དགོས་ལ། ང་ཚོ་ཁྱིམ་ལ་ཡོངས་ནས་མ་དཔེ་བླངས་ནས་བཤེར་འཇལ་བྱ་རྒྱུ།
དྲུག་པ། སྟོན་མཇུག་ལ་ནམ་ཟླ་འཁྱག་པ་དང་གྲལ་སྒྲིག་པའི་དུས་ཚོད་ཅུང་རིང་བས་ཚང་མས་བཟོད་བསྲན་བྱས་ནས་སྒུག་རྒྱུ་དང་། གྲང་འགོག་སོགས་ཀྱི་བྱེད་ཐབས་སྤྱོད་དགོས་ལ། སེམས་ཁམས་ལྷོད་པོ་བྱས་ནས་གཏན་འཇགས་ཡོང་བར་བྱེད་དགོས།
བདུན་པ། འཁྱལ་གཏམ་ལ་ཡིད་མི་ཆེས་པ་དང་འཁྱལ་གཏམ་མི་སྒྲོག་པ། གལ་ཏེ་དོགས་གཞི་དང་གནད་དོན་ཅི་ཞིག་ཡོད་ན་གཤམ་གྱི་འདྲི་རྟོགས་ཁ་པར་ལ་ཁ་པར་བཏང་ཆོག
མཁར་ནུབ་ཆུས་པྲོག་གསར་གློ་ཚད་རིམས་ནད་ཐག་གཅོད་བཀོད་འདོམས་པུའུ་ཡི་ལས་རེས་ཁང་ཁ་པར་ཨང་གྲངས། 8146367
ཞི་ཀོན་ལམ་ཆེན་གྱི་སྲང་ལམ་གཞུང་སྒྲུབ་དོན་གཅོད་ལས་རེས་ཁང་ཁ་པར་ཨང་གྲངས། 7531877
མཁར་ནུབ་ཆུས་འཕྲོད་བསྟེན་བདེ་ཐང་ཅུའུ་ལས་རེས་ཁང་ཁ་པར་ཨང་གྲངས། 6100375
མཉམ་འཇོག་བྱ་ཡུལ། ཐེངས་འདིའི་བཤེར་འཇལ་ལ་བཤེར་འཇལ་མཇུག་འབྲས་ཁོ་ན་ལས། ཞིབ་ཕྲའི་ཉིང་སྐྱུར་བཤེར་འཇལ་སྙན་ཞུ་མེད།
མཁར་ནུབ་ཆུས་པྲོག་གསར་གློ་ཚད་རིམས་ནད་ཐག་གཅོད་བཀོད་འདོམས་པུའུ་ཡིས།
ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན།
མཁར་ནུབ་ཆུས་ཀྱི་གནས་སྐབས་ཉིང་སྐྱུར་བཤེར་འཇལ་མ་དཔེ་ལེན་ས།
1 གནམ་གཤིས་བརྟག་དཔྱད་ཁང་གི་ར་སྐོར། ཞི་ཀོན་ལམ་ཆེན་གྱི་སྲང་ལམ།
2 མའོ་ཞིང་བཟོ་ལས་ས་ཁུལ།
3 གནམ་གཤིས་སྲང་ལམ་བྱང་མའི་ཞིང་ཟོག་ཚོང་ར།
4 དཱ་མེ་སྨན་ལས་ཀྱི་རླངས་འཁོར་འཇོག་ས།
5 དབྱིན་ལུང་མགྲོན་ཁང་།
6 གླིང་གསུམ་ལྡུམ་ར།(ཀྲའོ་དབྱིན་ཐོག་ཁང་ཆེན་མོ།)བཅས་ཡིན།
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཟི་ལིང་མཁར་ནུབ་ལ་ཉིང་སྐྱུར་བཤེར་འཇལ་བྱེད་པའི་སྤྱི་བསྒྲགས།