ལས་རིགས་སོ་སོས་སེམས་ཤུགས་གཅིག་སྒྲིལ་གྱིས་ཟི་ལིང་གི་རིམས་འགོག“བདེ་འཇགས་དྲ་བ”ཞིབ་ཚགས་སུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས31ཉིན་གྱི་ཆུ་ཚོད7དང་སྐར་མ01བར་ཟི་ལིང་གྲོང་ཁྱེར་དུ་བསྡོམས་པས་པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཡིན་པའི་མི4ཇེ་མང་དུ་སོང་ཡོད། གློ་བུར་དུ་ཐོན་པའི་རིམས་ནད་ཀྱིས་ཟི་ལིང་གི་ལྷིང་འཇགས་མེད་པར་བཟོས་པ་དང་། སྨན་བཅོས་མི་སྣ་དང་སྤྱི་བདེ་ཉེན་རྟོག་པ། སྡེ་ཁུལ་གྱི་ལས་དོན་མི་སྣ་སོགས་ཀྱིས་དཔའ་ངར་ཆེན་པོའི་ཕྱིར་བུད་དེ། བཀག་སྡོམ་ཁུལ་དང་མྱུར་བགྲོད་གཞུང་ལམ། ཉིང་སྐྱུར་བརྟག་དཔྱད་ཀྱི་མ་དཔེ་འཚོལ་བསྡུ་ས་ཚིགས་སོགས་རིམས་ནད་འགོ་བའི་ཉེན་ཁ་ཆེས་ཆེ་ས་ནས་ཁོ་ཚོའི་བྲེལ་འཚུབ་ཆེ་བའི་གཟུགས་བརྙན་མཐོང་ཐུབ། གྲང་རླུང་ཁྲོད་ཁོ་ཚོས་ཟི་ལིང་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་དུ་ནུས་ཤུགས་ཡོད་དགུས་ལས་ལ་བརྩོན་བཞིན་པའི་རྣམ་པ་ནི་ཆེས་མཛེས་པའི་ཡུལ་ལྗོངས་སུ་གྱུར་ཡོད།  །

༡.jpg

ལས་བྱེད་མི་སྣས་བཀག་སྡོམ་ཁུལ་གྱི་མང་ཚོགས་ལ་སྔོ་ཚལ་སྐྱེལ་བཞིན་པ།

༢.jpg

ཁོར་ཡུག་གཙང་སྦྲ་བྱེད་མཁན་གྱིས་དུག་སེལ་བཞིན་པ།

༣.jpg

ཁོར་ཡུག་གཙང་སྦྲ་བྱེད་མཁན་གྱིས་བཀག་སྡོམ་ཁུལ་དུ་དུག་སེལ་བཞིན་པ།

༤.jpg

འགྲིམ་འགྲུལ་ཉེན་རྟོག་པས་བཤེར་རིས་གཉིས་ལ་ལྟ་བཞིན་པ།

༥.jpg

འགྲིམ་འགྲུལ་ཉེན་རྟོག་པས་མྱུར་བགྲོད་གཞུང་ལམ་སྟེང་ཞིབ་བཤེར་བྱེད་བཞིན་པ།

༦.jpg

སྨན་བཅོས་མི་སྣས་ཉིང་སྐྱུར་བརྟག་དཔྱད་བྱེད་བཞིན་པ།

༧.jpg

ལས་བྱེད་མི་སྣས་བཀག་སྡོམ་ཁུལ་ལ་དུག་སེལ་བཞིན་པ།

༨.jpg

བཀག་སྡོམ་ཁུལ་གྱི་ལས་བྱེད་མི་སྣས་གུང་ཟས་ཟ་བཞིན་པ།

༩.jpg

སྡེ་ཁུལ་གྱི་དང་བླངས་པས་རིམས་འགོག་ཆ་འཕྲིན་ཐོ་འགོད་བྱེད་བཞིན་པ།

༡༠.jpg

སྨན་བཅོས་མི་སྣས་ཉིང་སྐྱུར་བརྟག་དཔྱད་བྱེད་བཞིན་པ།

༡༡.jpg

ཁེ་ལས་ཀྱིས་ལས་རེས་མི་སྣ་དང་སྨན་བཅོས་མི་སྣར་གནས་སྐབས་ཀྱི་ཟ་ཁང་བཀོད་སྒྲིག་བྱས་ཏེ་བརྩེ་སེམས་མཚོན་པ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།