ཟླ10པའི་ཚེས31ཉིན་ནས་བཟུང་མཚོ་སྔོན་དམངས་སྤྱོད་མཁའ་འགྲུལ་དེ་དགུན་ཁའི་མཁའ་འགྲུལ་དུས་ཚིགས་སུ་སླེབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས31ཉིན་ནས་བཟུང་རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་དེ་དགུན་ཁའི་མཁའ་འགྲུལ་བྱེད་པའི་དུས་ཚིགས་སུ་སླེབས་ཤིང་། ད་ལོའི་དགུན་ཁའི་མཁའ་འགྲུལ་དུས་ཚིགས་སུ་ཟི་ལིང་ཚའོ་ཅ་པའོ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བསྡོམས་པས་མཁའ་ལམ101ལག་བསྟར་བྱས་ཡོད། ད་སྔ་རྒྱལ་ནང་གི་གྲོང་ཁྱེར57ལ་འཕུར་བསྐྱོད་བྱེད་ཀྱིན་ཡོད་ལ། ན་ནིང་གི་དགུན་ཁའི་མཁའ་འགྲུལ་དུས་ཚིགས་ལས་ཁྲིན་ཏུའུ་ཐེན་ཧྥུའུ་དང་ནན་ཁྲང་། ཆིན་ཏའོ། ཧོའེ་ཨན། ཨུའར་ཏོ་སི། པོ་ལི། ཞི་ཧྲོང་པན་ན། ཞིས་ཁྲང་སོགས་མཁའ་འགྲུལ་ས་ཚིགས8ཀྱིས་ཇེ་མང་དུ་ཕྱིན་ཡོད། གཙོ་གནད་གྲོང་ཁྱེར་གྱི་ངོས་ནས་བལྟས་ན། ཟི་ལིང་ནས་པེ་ཅིང་དང་ཧྲང་ཧའེ། ཁྲིན་ཏུའུ་བཅས་བར་ཉིན་རེར་དུས་གཏན་གནམ་གྲུ་ཐེངས8ཡོད་པ་དང་། ཞི་ཨན་དུ་ཉིན་རེར་དུས་གཏན་གནམ་གྲུ་ཐེངས5ཡོད་ལ། ཀོང་ཀྲོའུ་རུ་ཉིན་རེར་ཐེངས4ཡོད་པ་མ་ཟད། ཀྲིན་ཀྲོའུ་ལ་ཉིན་རེར་དུས་གཏན་གནམ་གྲུ་ཐེངས7དང་། ཁྲང་ཧྲ་དང་ཁྲུང་ཆིན་དུ་ཉིན་རེར་དུས་གཏན་གནམ་གྲུ་ཐེངས3། ལྷ་སར་ཉིན་རེར་དུས་གཏན་གནམ་གྲུ་ཐེངས6། སན་ཡར་ཉིན་རེར་དུས་གཏན་གནམ་གྲུ་ཐེངས1བཅས་ཡོད། ཟི་ལིང་གནམ་གྲུ་ཐང་ཕུད། ན་གོར་མོའི་གནམ་གྲུ་ཐང་གི་དགུན་ཁའི་མཁའ་འགྲུལ་དུས་ཚིགས་སུ་ཡང་ཀྲན་ཅང་གི་མཁའ་ལམ་གསར་སྣོན་བྱ་རྒྱུ་རེད།

མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཛ་དྲག་ཡིན་པས། མཚོ་སྔོན་གནམ་གྲུ་ཐང་ཚད་ཡོད་ཀུང་སིས་འགྲུལ་པ་རྣམས་ཕྱིར་སྐྱོད་སྐབས་འགོག་སྲུང་ཡག་པོ་བྱེད་པ་དང་། གནམ་གྲུ་ཐང་གི་རིམས་འགོག་ཞིབ་བཤེར་དང་བདེ་འཇགས་ཞིབ་བཤེར་ལ་གཞོགས་འདེགས་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།