ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས29ཉིན། གསར་འགོད་པ་ཟི་ལིང་གྲོང་ཁྱེར་ཞིན་ཧེ་ལམ་བཀག་སྡོམ་ཁུལ་དང་ཚོད་འཛིན་ཁུལ་དུ་སླེབས་པ་ན། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་དཔལ་ཡོན་ལས་ཁུངས་དང་དང་བླངས་པ་སྟོང་ལྷག་གིས་དཀའ་སྤྱད་དང་བརྩེ་སེམས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དངོས་ཟོག་མཁོ་སྤྲོད། ཞབས་ཞུ་འགན་སྲུང་སོགས་ཀྱི་ལས་དོན་སྒྲུབ་བཞིན་ཡོད་པ་མཐོང་ཞིང་། དེ་དག་གིས་མིག་སྔའི་རིམས་ནད་འགོས་ཁྱབ་ཏུ་འགྲོ་བ་གཏན་འགོག་བྱེད་པ་དང་རིམས་ནད་སྔོན་འགོག་འཇབ་རྒོལ་གཡུལ་འཐབ་ལ་རྒྱལ་ཁ་ལེན་པར་སྟོབས་ཤུགས་འབུལ་བཞིན་ཡོད། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
རིམས་འགོག་དང་བླངས་པས་རིམས་འགོག་ཡུལ་དངོས་སུ་འབད་བརྩོན་བྱེད་པ།