ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས31ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ10པའི་ཚེས30ཉིན་གྱི་ཆུ་ཚོད17ནས་ཟླ10པའི་ཚེས31ཉིན་གྱི་ཆུ་ཚོད17བར་དུ། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་དུ་པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཡིན་པའི་མི1ཇེ་མང་དུ་སོང་ཡོད།
པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་དཔྱག་གདགས་གཤིས་ཡིན་པའི་མི་སྣའི་གནས་ཚུལ་གཤམ་གསལ། ཁྲིན་ཆེ་གེ་མོ། མོ། ལོ28ཡིན། ད་ལྟ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཀའོ་ཚའོ་སྲང་ལམ་གྱི་ར་སྐོར་ཨང3པ་རུ་བསྡད་ཡོད། ཟླ10པའི་ཚེས31ཉིན་ཟི་ལིང་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཉིང་སྐྱུར་བརྟག་དཔྱད་བྱས་པ་བརྒྱུད་མཇུག་འབྲས་གདགས་གཤིས་ཡིན་པས། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པར་བརྒྱུད་སྤྲོད་བྱས་ནས་ལོགས་སུ་བཀར་ཏེ་གསོ་རིག་ལྟ་ཞིབ་བྱས་པ་དང་། ཆེད་མཁས་པས་མཉམ་བསྡུས་ནད་དཔྱད་བྱས་པ་བརྒྱུད་ནད་གཞི་ཡང་མོར་གཏན་ཁེལ་བྱས།
ཟླ10པའི་ཚེས28ཉིན་ནས་བཟུང་། ཟི་ལིང་གྲོང་ཁྱེར་དུ་བསྡོམས་པས་པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཡིན་པའི་ནད་པ4བྱུང་ཡོད། བརྟག་དཔྱད་བྱས་པ་བརྒྱུད། ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཡིན་པའི་ནད་པ4ཡི་ཁྲོད། ནད་པ2ནི་ཡང་བའི་རིགས་ཡིན་པ་དང་། ནད་པ1ནི་སྤྱིར་བཏང་གི་རིགས་ཡིན་ལ། ནད་པ1ནི་ལྕི་བའི་རིགས་ཡིན། མིག་སྔར་ནད་པའི་གནས་ཚུལ་བརྟན་བརླིང་ཡིན། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཟླ10པའི་ཚེས31ཉིན་གྱི་ཟི་ལིང་གྲོང་ཁྱེར་གྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ།