མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་ཀྱི་རེས་སྐོར་གསུམ་པའི་དམངས་ཡོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་ཚང་མ་སྲིབས་གཤིས་རེད།

མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་ཀྱི་རེས་སྐོར་གསུམ་པའི་དམངས་ཡོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་སྐོར་གྱི་བརྡ་ཁྱབ། (ཨང་བདུན་པ)

མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་ཀྱི་རེས་སྐོར་གསུམ་པའི་དམངས་ཡོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་ལས་དོན་ཟླ10པའི29ཉིན་ཡོངས་སུ་ལེགས་འགྲུབ་བྱུང་ཞིང་། བསྡོམས་པས་མི125600ཡི་མ་དཔེ་འཚོལ་བསྡུ་བྱས་པར་ཞིང་ཆེན་དང་གྲོང་ཁྱེར། ཆུས་རིམ་པའི་སྨན་བཅོས་ལས་ཁུངས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཚོད་ལྟ་ཁང་གིས་བརྟག་དཔྱད་བྱས་པ་བརྒྱུད། མཇུག་འབྲས་ཚང་མ་སྲིབས་གཤིས་རེད།

མིག་སྔར། གྲོང་ཁྱེར་ནང་ཁུལ་དང་ཕྱི་རོལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གནས་བབ་རིམ་བཞིན་ཛ་དྲག་ཡིན་པས། རྒྱ་ཆེའི་གྲོང་མི་གྲོགས་པོ་རྣམས་ཀྱིས་བག་མེད་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་ཚུལ་མཐའ་གཅིག་ཏུ་སེལ་ཏེ། རང་འགུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དང་ལེན་བྱ་རྒྱུ་དང་། སྤྱི་དམངས་ཀྱི་འགན་འཁྲི་ལག་བསྟར་བྱས་ནས། རང་ཉིད་ཀྱི་འགོག་སྲུང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་། བདེ་ཐང་གི་འཚོ་བའི་ཐབས་ལམ་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་འགོ་བའི་ཕྲེང་འབྲེལ་དང་ཐབས་ལམ་མཐའ་གཅིག་ཏུ་བཀག་འགོག་བྱས་པ་བརྒྱུད། མི་དམངས་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།

མཚོ་ཤར་གྲོང་ཁྱེར་པྲོག་གསར་གློ་ཚད་ནད་དུག་འགོ་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།

2021ལོའི་ཟླ10པའི་ཚེས30ཉིན།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།