མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ཆུ་མོག་ཟ་ཁང་གི་སྒོ་ཕྱེས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲ་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད། མའོ་མའོ་ཡུས་ཆུ་མོག་ཟ་ཁང་གཉིས་པ(ཟི་ལིང་མིན་ཧོས་ཁྲིན་ཟ་ཁང)ཟླ10བའི་ཚེས26ཉིན་ཟི་ལིང་མཁར་བྱང་ཁུལ་མིན་ཧོས་ཁྲིན་ཁ་གཏད་ཀྱི་ཁྲའོ་དབྱང་ནུབ་ལམ་ཚའེ་ཧྥུའུ་ལྟེ་གནས་ཀྱི་ཁེར་ཐོག་ཏུ་ཚོང་སྒོ་ཕྱེས།

རྒྱུས་ལོན་ལྟར་ན། ཆུ་མོོག་ཟ་ཁང་གི་རྒྱུ་ཆ་དག་ཧི་ནན་རྫོང་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཁོངས་གཏོགས་རྒྱལ་གཉེར་ཁེ་ལས་ཀྱིས་མཉམ་དུ་གསར་སྐྲུན་བྱས་པའི་ལྟེ་གནས་ཇ་ཁང་ནས་ལས་བཟོ་བྱས་རྗེས། འཁྱགས་སྦྲེལ་དངོས་སྐྱེལ་བྱས་པ་ཡིན་ཞིང་། ཚད་ལྡན་ཅན་གྱི་སྒྲིག་བཟོ་བྱས་པ་བརྒྱུད་ལྟེ་གནས་ཇ་ཁང་ནས་ཐད་ཀར་དུ་སྐྱེལ་བ་ཡིན་ལ། ཆུ་མོག་རེ་རེའི་སྤུས་ཚད་ལ་ཁག་ཐེག་བྱས་ཡོད་པ་དང་། འཛད་སྤྱོད་པས་སེམས་བདེ་མོའི་ངང་ནས་ཟས་ཆོག   ཆུ་མོག་གི་ཤའི་ཡོང་ཁུངས་ནི་བསྟུད་མར་ལོ14རིང་ས་ཁོངས་ཡོངས་ཀྱི་བཅུད་ལྡན་བདེན་དཔང་དང་ས་བབ་སྨི3600ཡོད་པའི་ཧི་ནན་རྩྭ་ཐང་ཆེན་མོ་ནས་ཐོན་པ་ཡིན། 

མཚོ་སྔོན་མའོ་མའོ་ཡུས་བཟའ་བཏུང་ཚད་ཡོད་ཀུང་སི་ནི་མཚོ་སྔོན་ནོར་ཤ་དང་བོད་ལུག་གི་ཤ་སོགས་ཀྱིས་ལས་པའི་ཆུ་མོག་དང་། ཚྭ་སྦྱང་ཟས་རིགས་ཚོང་གཉེར་བྱེད་པའི་བཟའ་བཏུང་ཁེ་ལས་ཀྱི་ཆེད་ལས་གཉེར་མཁན་ཡིན་ཞིང་། ཀུང་སིས“ཁྱད་ལྡན་ཟས་མཆོག་དང་ཞིང་བར་རོགས་འདེགས་བྱས་ཏེ་ཡོང་སྒོ་འཕར་བ། གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པ”དེ་རྩ་དོན་དུ་བྱས་ཏེ། རང་བྱུང་གི་རྩྭ་དང་གངས་ཆུ་ཟས་སུ་བརྟེན་པའི་ཞོས་ཏུའོ་ནོར་ནག་གི་ཤ་རྒྱུ་ཆ་གཙོར་བྱས་ནས། ནོར་ནག་གསོ་སྤེལ་ནས་ནོར་ནག་གི་ཤ་ལས་སྣོན་བྱས་ཏེ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོར་འདེགས་སུ་བཏང་ཡོད་པས། དེ་ནི་ཧི་ནན་རྫོང་གི་བཅུད་ལྡན་ཕྱུགས་ལས་ཐོན་ལས་ཕྲེང་འབྲེལ་རྒྱུན་བསྲིང་བྱས་པ་ཡིན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།