ནང་ཆེན་རྫོང་དུ་ཞིང་ལས་འདེབས་འཛུགས་མཉམ་ལས་ཁང་ལ་བརྟེན་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་བྱུང་བ།

b7e4c010-63d3-4a29-9025-07e06617abf6.tif.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉག་ར་ཤང་ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་ཤར་ལྷོའི་མཚམས་སུ་གནས་ཡོད་ཅིང་། ས་དེ་གའི་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི3580ཟིན་པ་དང་། རྫོང་ཡོངས་ཀྱི་ས་བབ་ཆེས་དམའ་བའི་ཤང་ཞིག་ཡིན། 

2018ལོར་ཉག་ར་ཤང་མྱང་སྨད་སྡེ་བའི་སྡེ་མི་འཕྲིན་ལས་ཀྱིས་ནང་ཆེན་རྫོང་ཉག་རའི་འདེབས་འཛུགས་གསོ་སྤེལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ། ནས་ནག་དང་ཞོག་ཁོག་སོགས་ཞིང་ལས་སྐྱེ་དངོས་འདེབས་འཛུགས་བྱས་པ་རེད། 2020ལོར་ནང་ཆེན་རྫོང་ཞིང་ཕྱུགས་ཅུའུ་ཡི་རོགས་རམ་དང་རྒྱབ་སྐྱོར་འོག ཁོང་གིས་དྲོད་ཁང10གསར་སྐྲུན་བྱས་པ་དང་འདེབས་འཛུགས་ལས་དོན་རིམ་བཞིན་གཞི་ཁྱོན་ཅན་དུ་བཏང་བས། སྡེ་མིའི་སྣེ་ཁྲིད་ནས་ཐུན་མོང་ཕྱུག་འགྱུར་གྱི་བགྲོད་ལམ་སྟེང་བསྐྱོད་པར་སྐུལ་འདེད་བཏང་བ་དང་། ཉེ་འགྲམ་གྱི་སྡེ་མི་དང་ཟ་ཁང་། སློབ་གྲྭ་སོགས་སྡེ་ཁག་ལ་སྔོ་ཚལ་སོས་པ་མདོན་སྤྲོད་བྱས། མིག་སྔར་དུད་ཚང8དང་སྡེ་མི55མཉམ་ལས་ཁང་ནང་ཞུགས་ཡོད་པ་དང་། དུད་ཚང2ཚན་ཆུང་གཅིག་ཏུ་བགོས་ནས་དྲོད་ཁང་གཅིག་ལ་དོ་དམ་བྱེད་ཀྱིན་ཡོད། ཉེ་བའི་ལོ་འགའི་རིང་དྲོད་ཁང་ནང་ཧོང་ཀྭ་དང་། ཀྲོ་མ་ཀྲུ། སུར་པན་སོགས་ཞིང་ལས་སྐྱེ་དངོས་འདེབས་འཛུགས་བྱས་ནས་ལོ་ལེགས་བྱུང་ཡོད་པ་མ་ཟད། ད་དུང་ཆུ་ཀུབ་དང་འབྲུ་ཏ་ས་འཛིན་སོགས་སིལ་ཏོག་ཀྱང་འདེབས་འཛུགས་བྱས་ཡོད། །  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།