མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་ཀྱི་འགོག་བཅོས་གྲུབ་འབྲས་མངོན་གསལ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས17ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས“ང་ཡིས་མང་ཚོགས་ལ་དོན་དངོས་སྒྲུབ”ཅེས་པའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ། ཐུམ་འབུའི་ནད་ཀྱི་འགོག་བཅོས་བྱ་བ་སྔར་ལས་ཤུགས་ཚད་ཆེ་རུ་བཏང་ནས་སྤེལ། 《2021ལོའི་མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་ཀྱི་གཙོ་གནད་བྱ་བའི་བཀོད་སྒྲིག》ཅེས་པ་གཏན་འབེབས་དང་དཔར་འགྲེམ་བྱས་ཤིང་། གཙོ་གནད་ས་ཁུལ་གྱི་ནད་རིགས་འགོག་བཅོས་བྱས་པའི་གྲུབ་འབྲས་ལོ་ལྔའི་རིང་སྲ་བརྟན་དང་མཐོར་འདེགས་གཏོང་བའི་བྱེད་སྒོ་དང་ཞིང་ཆེན་ཡོངས་ཀྱི་སྐོར་ཐེངས་གསར་པའི་ཐུམ་འབུའི་ནད་ཀྱི་འགོག་བཅོས་བྱེད་སྒོ་སྤེལ་བ་དང་། ཞིང་ཆེན་ཕྱི་ནང་གི་དགེ་མཚན་ཆེ་བའི་སྨན་བཅོས་སྟོབས་ཤུགས་མཉམ་འབྲེལ་བྱས་ཏེ། རྒྱུན་མཐུད་ནས་གསར་བྱུང་ཐུམ་འབུའི་ནད་ཀྱི་ནད་པར་གཤགས་བཅོས་བྱས་པའི་གནས་བབ“གཙང་སེལ”བྱེད་པར་སྐུལ་སྤེལ་བྱས། ཐུམ་འབུའི་ནད་འགོག་བཅོས་ཀྱི་བྱ་བར་སྔར་ལས་གྲུབ་འབྲས་ཏན་ཏིག་ལོན་པ་དེས། འབྲོག་པ་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་ཡོང་བར་དངོས་གནས་འགན་སྲུང་ཐོབ་ཅིང་། འཚོ་བ་སྔར་བས་འབྱོར་ཕྱུག་ལྡན་ལ། ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཕུན་སུམ་ཚོགས་པར་གྱུར།

རྒྱུས་ལོན་པ་ལྟར་ན། 《མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་འགུལ་སྐྱོད་འཆར་གཞི(2016-2020ལོ)》ལག་བསྟར་བྱས་པའི་ཚུན་དུ། རིམ་པ་སོ་སོའི་འཕྲོད་བསྟེན་སྨན་བཅོས་ལས་ཁུངས་ཀྱིས་མི་ཚོགས་ལ་ཐུམ་འབུའི་ནད་འཚག་བཤེར་དང་ལྟ་ཞིབ་ཚད་ལེན་བྱེད་པའི་བྱ་བ་ཁྱོན་ཡོངས་ནས་སྤེལ། 2016ལོའི་ཚུན་དུ། རིམ་བསགས་ཀྱིས་བརྩིས་ན་མི་ཐེངས་ཁྲི526ལ་མི་ཚོགས་ནད་བརྟག་བྱས་པ་དང་། འཁོར་རྒྱུག་ས་ཁུལ་གྱི་རྒྱུན་སྡོད་མི་འབོར་འཚག་བཤེར་བྱས་ཚུལ་ཁྱོན་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་ཞིང་། ནད་རྟགས་ངོས་འཛིན་བྱས་པའི་ནད་པ་ཁྲི1.47ཡོད་པ་དང་། སྨན་བཅོས་ཁེབས་ཚད100%རུ་སླེབས། ཞིང་ཆེན་ཡོངས་ཀྱི་མི་ཚོགས་ལ་ནད་བྱུང་ཚད2012ལོའི0.63%ནས0.29%རུ་མར་བབས།

2020ལོར། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཧུར་ཐག་གིས་པེ་ཅིན་ཆིང་ཧྭ་ཁྲང་ཀེང་སྨན་ཁང་གི་ཡོན་ཧྲི་ཏུང་ཅ་ཧུང་གི་དཔུང་སྡེ་དང་། ཀྲུང་གོའི་མཐོ་རིམ་སྨན་པའི་མཐུན་ཚོགས་ཀྱི་མཉམ་སྒྲུབ་ལས་ཁུངས་སོ་སོ། དམག་དཔུང་གི་མཚོ་སྔོན་རོགས་སྐྱོར་སྨན་བཅོས་རུ་ཁག་སོགས་ཞིང་ཆེན་ཕྱི་ནང་གི་སྨན་བཅོས་སྟོབས་ཤུགས་ཅན་གང་མང་ལ་མཉམ་འབྲེལ་བྱས་ཏེ། “བཅོས་སྐྱོབ་བྱེད་འོས་པ་ཅི་ནུས་ཀྱིས་བཅོས་སྐྱོབ་བྱེད་པ”ཡི་རྩ་དོན་ལྟར། ཐུམ་འབུའི་ནད་གཤགས་བཅོས་བྱེད་དགོས་པའི་ནད་པ“གཙང་སེལ”བྱེད་པའི་བྱེད་སྒོ་ལག་བསྟར་བྱས་ནས། རྒྱུན་མཐུད་དུ་བདེ་ཐང་དབུལ་སྐྱོར་ལ་རོགས་འདེགས་བྱས་པར་མ་ཟད། ཕྱོགས་ཡོངས་ནས་མ་རྩ་བརྩོན་ལེན་བྱས་ཏེ་ཐུམ་འབུའི་ནད་བྱུང་བའི་དབུལ་ཕོངས་ནད་པར་རིན་མེད་སྒོས་སྨན་བཅོས་བྱས་པ་དང་། ཞིང་ཆེན་ཡོངས་སུ་རང་འཐད་ཡིན་ཞིང་གཤགས་བཅོས་ཀྱི་སྟོན་རྟགས་ཡོད་པའི་ཐུམ་འབུའི་ནད་ཀྱི་ནད་པའི་འགུལ་རྣམ“གཙང་སེལ”བྱས།

དེ་དང་ཆབས་ཅིག ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་འབྱུང་ཁུངས་སྔོན་འགོག་ཚོད་འཛིན་ལྟེ་བར་དམ་དུ་དམིགས་ཏེ། སྒོ་ཁྱི་ཐོ་འགོད་དང་དོ་དམ་བྱེད་པ་ནན་ཏན་གྱིས་དངོས་འབེབས་དོན་འཁྱོལ་བྱེད་པ་དང་། ཁྱིའི་སྟེང་གི་འབུ་སེལ་བ་དང་ལུག་ལ་འགོག་སྨན་རྒྱག་པ། བདེ་ཐང་སློབ་གསོ་དང་གནོད་འཚེ་མེད་པའི་སྒོ་ནས“གནས་བཞི་གཞི་གཅིག”གི་འགོག་བཅོས་བྱེད་ཐབས་ཐག་གཅོད་བྱེད་པར་ཤུགས་སྣོན་པ། “ཁྱི་ཡོངས་ཀྱི་འབུ་སེལ་བ་དང་། ཟླ་རེ་ལ་སྨན་ལྡུད་པ”ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཁྱི་སྐྱག་དང་ཕྱུགས་ཟོག་གི་ནད་ཀྱི་གནོད་པ་ཡོད་པའི་ནང་ཁྲོལ་ལ་གནོད་འཚེ་མེད་པའི་ཐག་གཅོད་བྱས་ལ། གཙོ་གནད་ས་ཁུལ་དུ་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་མཐོར་འདེགས་གཏོང་བའི་བཟོ་འགོད་ལག་བསྟར་བྱས་ནས། སྡོད་དམངས་ཡོད་སའི་མཐའ་འཁོར་དུ་ཨ་བྲ་གསོད་པའི་བྱེད་སྒོ་སྤེལ། ཡུས་ཧྲུའུ་དང་མགོ་ལོག རྨ་ལྷོ། མཚོ་ཁ་ས་ཁུལ་བཅས་སུ་ནོར་ལུག་ལ་འགོག་སྨན་བརྒྱབ་སྟེ་ཐུམ་འབུའི་ནད་མེད་པའི་ཁུལ་དང་། ཁྱིའི་སྐྱེ་རྒྱུན་གཅོད་པའི་གཤགས་བཅོས་ཀྱི་ཚོད་ལྟ་བྱེད་ཡུལ། སྒོ་ཁྱིའི་འབུ་སེལ་བའི་ཆ་འཕྲིན་ཅན་གྱི་དོ་དམ་སོགས་ཕྱུགས་ཟོག་བར་གྱི་ཐུམ་འབུའི་ནད་འགོག་བཅོས་བྱ་བའི་བྱེད་སྟངས་གསར་པ་ཧུར་ཐག་གིས་འཚོལ་ཞིབ་དང་འཛུགས་སྐྲུན་བྱས་ཏེ། སྒོ་ཁྱི་དང་ཁྱི་ལྡོམ་གྱི་གྲངས་ཀ་ནུས་ལྡན་སྒོས་ཚོད་འཛིན་བྱས།

ཡུས་ཧྲུའུ་དང་མགོ་ལོག་སོགས་ཐུམ་འབུའི་ནད་ཚབས་ཆེ་བའི་འཁོར་རྒྱུག་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“ཡར་ཐོན་བརྒྱད”ཀྱི་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ། “བདེ་ཐང་ཀྲུང་གོར་སྐྱོད་པ”དང“མཚོ་སྔོན་ཞིང་ཆེན་གྱི་བདེ་ཐང་སློབ་གསོ་ལེ་དབར་ཁྲི་སྟོང་ལ་སྐྱོད་པ”ཞེས་པའི་བྱ་འགུལ་ཐེག་བྱད་བྱས་ཏེ། ཐུམ་འབུའི་ནད་ཀྱི་འགོག་བཅོས་ཤེས་བྱ་སློབ་གྲྭ་ཆུང་འབྲིང་དང་རིམ་པ་སོ་སོའི་ཏང་གི་སློབ་གྲྭའི་སློབ་ཁྲིད་རྩ་གནད་དུ་བཞག་སྟེ། རྒྱུན་མཐུད་དུ་རང་ཞིང་གི་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི“12345”ཡི་དྲིལ་སྒྲོག་ཆས་རྟགས་བསྐྲུན། འཕྲོད་བསྟེན་བདེ་ཐང་དང་ཞིང་ལས་ཞིང་སྡེ། ཆུ་བེད། མི་རིགས་ཆོས་ལུགས། སློབ་གསོ། རྒྱང་སྒྲོག་སོགས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་བྱ་བའི་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱས་ནས། ཐུམ་འབུའི་ནད་ཀྱི་འགོག་བཅོས་ཤེས་བྱ་རྒྱ་ཁྱབ་ཏུ་དྲིལ་སྒྲོག་དང་ཁྱབ་གདལ་དུ་བཏང་། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།