ཁྲི་ཀའི་རྨ་ཆུའི་བཞུར་རྒྱུད་ཀྱི་ཆུའི་སྐྱེ་ཁམས་སླར་གསོ་ལ་ཕན་འབྲས་མངོན་གསལ་ཐོབ་པ།

3.jpg

4.jpg

5.jpg

6.jpg

པར་འདི་དག་ནི་ཁྲི་ཀའི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དྲིལ་སྒྲོག་པུའུ་ནས་ཤེས་གསལ་ལྟར་ན། ཁྲི་ཀ་རྫོང་རྨ་ཆུའི་བཞུར་རྒྱུད་ཁྲི་ཀའི་རྨ་སྲིབ་མཚམས་ཀྱི་ཆུ་སྦགས་བཙོག་འགོག་བཅོས་དང་ཆུའི་སྐྱེ་ཁམས་སླར་གསོའི་ལས་གཞི་ཐད“མཉམ་འདུས་ཆུར་འཛུལ་བརླན་ས་+ཕྱི་ངོས་སྐྱེ་ཁམས་བརླན་ས”ཚན་སྡེབ་བཟོ་རྩལ་བྱེད་ཐབས་སྤྱད་དེ་བཙོག་ཆུ་གཙང་སེལ་བཟོ་གྲྭའི་མཐའ་མཇུག་གི་ཆུ་དྲངས་ཏེ་བརླན་སར་མཉམ་འདུས་ཆུར་འཛུལ་ཚད་སྤྱི་ཆིང4. 76དང་། ཕྱི་ངོས་ནས་སྐྱེ་ཁམས་བརླན་སར་བཞུར་བའི་ཆུ་སྤྱི་ཆིང8.34ཟིན་པ་དེས་རྨ་ཆུའི་བཞུར་རྒྱུད་ཁྲི་ཀའི་བཅད་ཁའི་ཆུའི་སྤུས་ཚད་རིམ་བཞིན་ཇེ་ལེགས་སུ་ཕྱིན་པ་མ་ཟད། “ཆུ-རྩྭ-ཉ-བྱ-མི”བཅས་ཀྱི་མཉམ་གནས་མ་ལག་འཐུས་ཚང་དུ་གྱུར་བས་མཐའ་འཁོར་གྱི་ཡུལ་སྐོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ་དང་། ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་མི་སྡོད་ཁོར་ཡུག་ཀྱང་ལེགས་བཅོས་བྱུང་ཡོད་པ་རེད།  །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།