ཁོང་ཡུང་གིས་“རྒན་རབས་པའི་དུས་ཆེན”གྱི་སྔོན་དུ་རྒན་གསོའི་སྡེ་ཁག་དུ་སོང་ནས་རྒན་རབས་པ་ཚོར་འཚམས་འདྲི་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས12ཉིན། རྒྱལ་ཡོངས“རྒན་རབས་པའི་དུས་ཆེན”ཐེངས་དགུ་བ་ཐོན་ལ་ཉེ་བའི་སྐབས་འདིར། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཟི་ལིང་གྲོང་ཁྱེར་རྒན་རབས་པའི་བྱ་འགུལ་ལྟེ་གནས་སུ་སོང་ནས་འཛུགས་སྐྲུན་དོ་དམ་གནས་ཚུལ་ལ་རྟོག་ཞིབ་བྱས་ཤིང་། གཞིས་ཁུལ་གྱི་རྒན་རབས་པ་ཚོར་སྙིང་ཉེ་བའི་འཚམས་འདྲི་ཞུས་པ་མ་ཟད་དུས་ཆེན་གྱི་སྨོན་འདུན་ཞུས།

ཁོང་ཡུང་གིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། རྒན་རབས་པས“རེ་སྒུག་བྱེད་པའི”གནད་དོན་ལ་དམིགས་ནས། ཕྱོགས་བསྡུས་ཐབས་ཇུས་ལག་བསྟར་དང་། མི་འདང་ས་ཁ་གསབ་བྱས་ཏེ། རྒན་གསོའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་། རང་ཞིང་གི་རྒན་གསོའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། མགྱོགས་མྱུང་ངང་ཁྱིམ་སྡོད་རྨང་གཞི་དང་། གཞིས་ཁུལ་གཞི་བྱས་ནས། སྡེ་ཁག་ཁ་གསབ་དང་། སྨན་བཅོས་ཁམས་གསོ་ཟུང་འབྲེལ་གྱི་རྒན་གསོའི་ཞབས་ཞུའི་མ་ལག་སྒྲིག་འཛུགས་བྱས་ཏེ། གང་མགྱོགས་ཀྱིས་ཁྱིམ་གཞི་དང་སྤྱི་ཚོགས། རྒྱལ་ཁབ་ཀྱི་འགན་འཁྲི་མཉམ་དུ་ཁུར་བའི་རྒན་གསོའི་ཞབས་ཞུ་སྡེ་ཁག་འཛུགས་སྐྲུན་བྱེད་དགོས། ཁེབས་རྒྱ་ཆེ་རུ་བཏང་ནས་འདོན་སྤྲོད་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་། ད་ཡོད་ཀྱི་རྒན་གསོའི་སྡེ་ཁག་གི་ཞབས་ཞུའི་ཆུ་ཚད་ཚད་ལྡན་དུ་གཏོང་བ། ལྟ་སྐུལ་དོ་དམ་དང་ཕྱིར་གཏོང་གི་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། རྒན་གསོའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་དང་བདེ་འཇགས་ངང་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།