རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་ཅིག་གི་མཛའ་འབྲེལ་མཐུན་ཚོགས་ཀྱི་བྱ་བའི་བརྗེ་རེས་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་ཅིག་གི་མཛའ་འབྲེལ་མཐུན་ཚོགས་ལས་དོན་སྤེལ་རེས་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། མཛའ་འབྲེལ་ལས་དོན་འཕེལ་རྒྱས་ཀྱི་གཙོ་གནད་ལ་དམ་པོར་དམིགས་པ། “ཞབས་འདེགས་གཉིས”ཡག་པོ་ཞུ་བ། རྒྱལ་ཡོངས་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་ཚོགས་འདུར་ཞུགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཕྱི་དོན་གཞུང་དོན་ཁང(མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས)དང་ཟི་ལིང་གྲོང་ཁྱེར་གྱི་ཕྱི་དོན་གཞུང་དོན་ཁང་གིས་ཧྲན་ཞི་དང་ཅང་སུའུ། ཀོང་ཏུང་། ཝུའུ་ཧན། ཁྲེང་ཏུའུ་བཅས་ཞིང་ཆེན་དང་གྲོང་ཁྱེར་ལྔའི་མཛའ་འབྲེལ་མཐུན་ཚོགས་དང་མཉམ་དུ་ཚོགས་འདུའི་སྟེང་བྱ་བའི་ཉམས་མྱོང་སྤེལ་རེས་དང་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ། མཐུན་སྒྲིལ་མཉམ་ལས་སྔར་བས་གཏིང་ཟབ་ཏུ་སྤེལ་བ་དང་ཐུན་མོང་གིས་འཕེལ་རྒྱས་སྔར་བས་གོང་འཕེལ་ཡོང་བར་བྱས།

མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དྲིལ་སྒྲོག་པར་གཞི་དང་རྒྱལ་ཡོངས་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་ཀྱི་རིག་གནས་སྤེལ་རེས་ཀྱི“མཛའ་མཐུན་ཉིན་མོའི”རྣམ་གྲངས་དྲིལ་སྒྲོག་གློག་བརྙན་ལ་བལྟས་རྗེས། ཚང་མས་དམངས་ཁྲོད་ཀྱི་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་གྱི་ལས་དོན་སྤེལ་བར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་ཏེ་ཉམས་མྱོང་དང་བྱེད་ཐབས་བཟང་པོ་མཉམ་སྤྱོད་བྱས་པ་རེད། དེ་རྗེས་ཧྲན་ཞི་ཞིང་ཆེན་དང་ཅང་སུའུ་ཞིང་ཆེན། ཀོང་ཏུང་ཞིང་ཆེན་བཅས་ཀྱི་མཛའ་འབྲེལ་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས(མཚོ་སྔོན་ཞིང་ཆེན་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས)དང་། ཝུའུ་ཧན་གྲོང་ཁྱེར། ཁྲེང་ཏུའུ་གྲོང་ཁྱེར་མཛའ་འབྲེལ་མཐུན་ཚོགས་དང་ཟི་ལིང་གྲོང་ཁྱེར་གྱི་ཕྱི་དོན་གཞུང་དོན་ཁང་བཅས་ཀྱིས་ཕྱི་དོན་ཐོན་ཁུངས་མཉམ་སྤྱོད་དང་། རྒྱལ་སྤྱིའི་འབྲེལ་བ་མཉམ་དུ་སྐྱོང་བ། སྒོ་དབྱེའི་བར་མཐོངས་མཉམ་སྐྲུན་སོགས་ལ་དམིགས་ཏེ་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།

མཚོ་སྔོན་ཞིང་ཆེན་ཕྱི་དོན་གཞུང་དོན་ཁང་གི་ཀྲུའུ་རེན་དང་། ཞིང་ཆེན་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲུའུ་ཞང་ཧྥུན་གཉིས་ཀྱིས་ང་ཚོས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ས་གནས་མཛའ་འབྲེལ་མཐུན་ཚོགས་ཀྱི་བྱ་བའི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་མོ་བྱེད་པ། སེམས་སྦྲེལ་དང་ཐབས་རྒྱ་སྐྱེད་གཏོང་བ། ལས་སྟེགས་བསྐྲུན་པ། འཕེལ་རྒྱས་ལ་སྐུལ་འདེད། བདེ་འཇགས་འགན་ལེན་སོགས་ཀྱི་ལས་དོན་ནན་ཏན་གྱིས་ཡག་པོ་སྒྲུབ་པ། ཆབ་སྲིད་ཕྱི་དོན་བརྟན་འཇགས་ཡོང་བར་བྱེད་པ་དང་། སྐྱེ་ཁམས་ཕྱི་དོན་ཡག་པོ་བྱེད་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཕྱི་དོན་ཡག་པོ་སྒྲུབ་པ། དཔལ་འབྱོར་ཚོང་དོན་གྱི་ཕྱི་དོན་ཡག་པོ་བྱེད་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ཡོངས་ལ་སྤྱིའི་ཡོངས་ལ་ཞབས་འདེགས་ཧུར་ཐག་ཞུ་བ་དང་། སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས། ཕྱི་དོན་སྡེ་ཁག་དང་མཛའ་འབྲེལ་ལ་བྱས་རྗེས་གསར་པ་འཇོག་དགོས་པར་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།