མཚོ་སྔོན་གྱིས་ཡང་བསྐྱར་དམངས་བདེ་དམངས་ཕན་གྱི་བྱེད་ཐབས་སྣ3བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐོར་རིམ་གཉིས་པའི་སྤྱི་བདེ་དཔུང་ཁག་གི་སློབ་གསོའི་དག་ཐེར་བྱ་བ་སྤེལ་བའི་རིང་ལ།མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱིས་ལས་གནས་བྱ་བར་རྐང་བཙུགས་ཏེ། “ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ”པའི་ལག་ལེན་བྱ་འགུལ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་།ལོ་འདིའི་ནང“ལོ་ལོན་རྒན་པར་དཔང་སྒྲུབ་ཀྱི་བྱེད་ཐབས་སྣ་དྲུག་དང་།12367རྒྱལ་ཁོངས་བརྒལ་བའི་དོ་དམ་ཞབས་ཞུའི་སྟེགས་བུ་ཕྱིར་གཏོང་བྱེད་པའི”དམངས་ལ་སྟབས་བདེ་སྐྲུན་པའི་བྱེད་ཐབས་སྣ་གཉིས་ཀྱི་རྨང་་གཞི་སྟེང་། རྟོག་ཞིབ་ཞིབ་འཇུག་བྱས་པ་བརྒྱུད། ཡང་བསྐྱར་དམངས་ལ་སྟབས་བདེ་སྐྲུན་པའི་བྱེད་ཐབས་སྣ་གསུམ་འདོན་རྒྱུར་ཐག་བཅད་པ་དང་།ཟླ༡༠བའི་ཚེས༡༢ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་རྒྱུ་རེད།

དམངས་ལ་སྟབས་བདེ་སྐྲུན་པའི་བྱེད་ཐབས་སྣ་གསུམ་ལ་གཤམ་གྱི་ནང་དོན་གཙོ་བོ་འདུ། སྣ་དང་པོ། རྒྱལ་ཁོངས་བརྒལ་བའི་སྦྲགས་སྲིད་གོ་རིམ་ལེགས་བཅོས་བྱས་པ། རང་ཞིང་གི་སྤྱི་བདེའི་རྒྱལ་ཁོངས་བརྒལ་བའི་དོ་དམ་ལས་སྒྲུབ་རེ་ཞུ་དཔང་ཡིག་ལེན་སྐབས།དྲ་ཐོག་རྩིས་སྤྲོད་དང་།དཔང་སྒྲུབ་སྦྲགས་སྲིད་ལས་གཉེར་མངོན་འགྱུར་བྱས་ཡོད།

བྱེད་ཐབས་ཀློག་འགྲེལ། བྱེད་ཐབས་གསར་བ་ལག་བསྟར་བྱས་རྗེས།རང་ཞིང་གི་སྡོད་དམངས་ཀྱིས་རྒྱལ་ཁོངས་བརྒལ་བའི་དཔང་ཡིག་སྦྲགས་སྲིད་ལས་སྒྲུབ་བྱེད་སྐབས།ཡུལ་དངོས་ནས་ཨང་བཤེར་བྱེད་པ་དང་།APP དྲ་ཚིགས་ཞབས་ཞུ། གོ་རིམ་ཆུང་བ་སོགས་ཀྱི་སྦྲགས་སྲིད་ས་གནས་འབྲི་དགོས་པ་མ་ཟད།སྦྲགས་སྲིད་འགྲོ་གྲོན་རྩིས་སྤྲོད་བྱེད་དགོས་ཤིང་།སྒོ་ཕྱིར་འགྲོ་མི་དགོས་པར།དཔང་ཡིག་ཁྱིམ་དུ་ཐོན་པའི་ཞབས་ཞུ་ལོངས་སུ་སྤྱད་ཆོག 

སྣ་གཉིས་པ། ཟི་ལིང་གྲོང་ཁྱེར་ཁྱབ་ཁོངས་ནང་གི་ཕྱི་རྒྱལ་བའི་བྱ་བའི་དཔང་ཡིག་དང་འདུག་སྡོད་དཔང་ཡིག་དེ“སྒེའུ་ཁུང་གཅིག་ནས་ལས་སྒྲུབ་བྱས་ཆོག”རང་ཞིང་གི་ཕྱི་རྒྱལ་བ་ཀྲུང་གོར་ཡོང་ནས་བྱ་བ་སྒྲུབ་པའི་སྲིད་འཛིན་ཞིབ་བཤེར་ཆོག་མཆན་དེ་ཟི་ལིང་གྲོང་ཁྱེར་སྡོད་དམངས་ལྟེ་གནས་ཀྱི་སུམ་ཐོག་གི་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་རྒྱལ་ཁོངས་བརྒལ་བའི་ལས་སྒྲུབ་སྲིད་འཛིན་ཞབས་ཞུ་ཚོམས་ཆེན་གྱི་སྒེའུ་ཁུང་ཨང་རྟགས17(ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ནན་ཁྲོན་ནུབ་ལམ་གྱི་ཨང་རྟགས137)ཟི་ལིང་དུ་ཡོང་བའི་ཕྱི་རྒྱལ་བའི་བྱ་བའི་དཔང་ཡིག་དང་འདུག་སྡོད་དཔང་ཡིག་དེ་“སྒེའུ་ཁུང་གཅིག་ནས་ལས་སྒྲུབ་བྱས་ཆོག”

བྱེད་ཐབས་ཀློག་འགྲེལ། བྱེད་ཐབས་གསར་བ་ལག་བསྟར་བྱས་རྗེས། ཞིང་ཆེན་ཚན་རྩལ་ཐིན་ཕྱི་རྒྱལ་ཆེད་མཁས་ཅུའུ་དང་། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་རྒྱལ་ཁོངས་བརྒལ་བའི་དོ་དམ་ཁུ་ཡིས་ལས་སྒྲུབ་སྒེའུ་ཁུང་གཅིག་སྒྲིལ་དང་།ཟི་ལིང་གྲོང་ཁྱེར་ཁྱབ་ཁོངས་ནང་གི་ཕྱི་རྒྱལ་བའི་བྱ་བའི་དཔང་ཡིག་དང་།འདུག་སྡོད་ཆོག་མཆན་བརྡ་འཕྲིན་གཞི་གྲངས་མཉམ་སྤྱོད་བྱས་ཤིང་།“སྒེའུ་ཁུང་གཅིག་ནས་ལས་སྒྲུབ་བྱས་ཆོག”མཚོ་སྔོན་དུ་ཡོད་པའི་ཕྱི་རྒྱལ་བའི་དཔང་ཡིག་ཐོ་འགོད་དུས་ཡུན་རིང་དུ་གཏོང་བ་དང་།འདུག་སྡོད་ཆོག་མཆན་ལ་སྟབས་བདེ་སྐྲུན་ཞིང་།རེ་ཞུ་བའི་དཔང་སྒྲུབ་དུས་ཚོད་གྲོན་ཆུང་བྱས།

སྣ་གསུམ་པ། གོ་རིམ་ཇེ་ལེགས་སུ་བཏང་བ་དང་། ངལ་རྩོལ་ལས་དོན་གྱི་རྒྱུ་མཚན་རེ་ཞུ་སྤྱིར་བཏང་གི་དཔང་ཡིག་རྒྱུ་ཆ་དེ་ཞིང་ཆེན་སྤྱི་བདེ་ཐིན་རྒྱལ་ཁོངས་བརྒལ་བའི་དོ་དམ་ཅུའུ་རུ་ཐོ་འགོད་གོ་རིམ་མེད་པར་བཟོས།རང་ཞིང་གི་སྡོད་དམངས་ཀྱིས་ངལ་རྩོལ་ལས་དོན་གྱི་རྒྱུ་མཚན་རེ་ཞུ་དཔང་ཡིག་དང་ཕྱིར་མངགས་ངལ་རྩོལ་གྱི་ཐོབ་ཐང་ཡོད་པའི་ཁེ་ལས་ཀྱིས་ཕྱིར་གཏོང་སྤྱིར་བཏང་དཔང་ཡིག་རེ་ཞུ་བྱས་ཆོག་པ་དང་།དེ་རྫོང་དང(ཆུས)སྤྱི་བདེ་རྒྱལ་ཁོངས་བརྒལ་བའི་དོ་དམ་སྡེ་ཁག་གིས་དང་ལེན་བྱེད་པ་དང་།གྲོང་ཁྱེར་དང(ཁུལ)སྤྱི་བདེའི་རྒྱལ་ཁོངས་བརྒལ་བའི་དོ་དམ་སྡེ་ཁག་གིས་ཞིབ་བཤེར་དང་།ཞིབ་བཤེར་ཆོག་མཆན།ཞིང་ཆེན་སྤྱི་བདེ་ཐིན་རྒྱལ་ཁོངས་བརྒལ་བའི་དོ་དམ་ཅུའུ་བཅས་ཀྱིས་དཔང་ཡིག་སྒྲུབ་པ་ཡིན།

བྱེད་ཐབས་ཀློག་འགྲེལ།བྱེད་ཐབས་གསར་བ་ལག་བསྟར་བྱས་རྗེས།རང་ཞིང་གི་སྡོད་དམངས་ཀྱིས་ཐད་ཀར་དུ་རྫོང་རིམ་པའི་སྤྱི་བདེ་ལས་ཁུངས་སུ་རྒྱལ་ཁོངས་བརྒལ་བའི་ལས་སྒྲུབ་སྒེའུ་ཁུང་ནས་ལས་སྒྲུབ་རེ་ཞུ་སྤྲད་ཆོག་པ་དང་།དེ་གྲོང་ཁྱེར་དང(ཁུལ)སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་བཤེར་བྱེད་པ་དང་།ཞིབ་བཤེར་ཆོག་མཆན་ཐོབ་པ་ཡིན་ཞིང་།ཞིང་ཆེན་སྤྱི་བདེ་ཐིན་རྒྱལ་ཁོངས་བརྒལ་བའི་དོ་དམ་ཅུའུ་ཡིས་དཔང་ཡིག་སྒྲུབ་དགོས་པ་དང་། ཞིང་ཆེན་སྤྱི་བདེ་ཐིན་རྒྱལ་ཁོངས་བརྒལ་བའི་དོ་དམ་ཅུའུ་རུ་རེ་ཞུ་རྒྱུ་ཆ་སྤྲད་དེ་ཐོ་འགོད་བྱེད་མི་དགོས།

རྗེས་མར། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སློབ་གསོའི་དག་ཐེར་ལ་སྐུལ་འདེད་བཏང་ནས།“ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ”པའི་ལག་ལེན་བྱ་འགུལ་སྤེལ་ནས།མང་ཚོགས་ལ་བྱེད་ཐབས་གསར་བའི་ཞབས་ཞུ་མང་པོ་སྒྲུབ་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་།སྐྱིད་སྣང་།བདེ་སྣང་བཅས་མཐོར་འདེགས་སུ་བཏང་ནས།སྟོབས་ཤུགས་ཡོད་རྒུས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་ནས།མཚོ་སྔོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བྱས་རྗེས་གསར་བ་འཇོག་དགོས།།


རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།