མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྒྲུབས་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་འཆར་གཞིའི་བླང་བྱ་ལྟར། ཟླ10པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་དང་། མཚོ་སྔོན་ཏང་གི་སློབ་གྲྭ  ཞིང་ཆེན་རིག་གནས་གནས་སྐོར་ཐིང་བཅས་ཀྱིས་འགན་སྒྲུབ་བྱས་པའི་རིག་གནས་གནས་སྐོར་འཕེལ་རྒྱས་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཞིང་ཆེན་ཏང་གི་སློབ་གྲྭར་བསྒྲུབས་མགོ་བརྩམས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཡན་ལག་དོ་དམ་འགན་ཁུར་བློ་མཐུན40དང་། གྲོང་ཁྱེར་དང་ཁུལ། རྫོང་། (གྲོང་ཁྱེར་དང་ཆུས)ཏང་ཨུའི་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཆེད་དོན་བགྲོ་གླེང་གསོ་སྦྱོང་ཁྲོད་ཞུགས།

ཐེངས་འདིའི་བགྲོ་གླེང་འཛིན་གྲྭས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་གནས་སྐོར་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་བྱ་བའི་ཐད་ཀྱི་བསམ་བློ་དང་གཞུང་ལུགས་ཞིབ་བརྗོད་གལ་ཆེན་ལ་སློབ་སྦྱོང་ལག་ལེན་མཐར་ཕྱིན་དང་། ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱེད་ས་གསར་སྐྲུན་བྱེད་པའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སར་དམིགས་ནས། ཡང་དག་པའི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་གནས་སྐོར་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིག་གནས་གནས་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ཡིན།

ཐེངས་འདིའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་དུས་ཡུན་ཉིན13ཡིན་ཞིང་། ཞིང་ཆེན་ནང་ཁུལ་དང་ཞིང་ཆེན་ཕྱིིའི་བགྲོ་གླེང་གསོ་སྦྱོང་གི་དུས་རིམ་གཉིས་སུ་བགོས་ཡོད་པ་དང་། དུས་རིམ་གཉིས་ལ་སོ་སོར་དམིགས་འབེན་ཡོད། ཞིང་ཆེན་ནང་ཁུལ་གྱི་གསོ་སྦྱོང་མཇུག་བསྒྲིལ་རྗེས། སློབ་མ་ཚོ་ཀྲེ་ཅང་ཞིང་ཆེན་དུ་སོང་ནས་དུས་རིམ་གཉིས་པའི་གསོ་སྦྱོང་བགྲོ་གླེང་བྱེད་རྒྱུ་རེད།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།