མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མྱུར་མཁོའི་སྐད་བརྡའི་ཡིག་སྒྱུར་ཞབས་ཞུའི་གསོ་སྦྱོང་འཛིན་གྲྭ་སློབ་མགོ་ཚུགས་པའི་མཛད་སྒོ་ཟི་ལིང་དུ་བསྡུས་པ།

微信图片_20211012114621.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།(གསར་འགོད་པ། མཁའ་མཚོ་སྐྱིད) ཟླ10བའི་ཚེས12ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་སྒྲུབ་འགན་ཁུར་བའི་ཞིང་ཆེན་ཡོངས་ཀྱི་མྱུར་མཁོའི་སྐད་བརྡའི་ཡིག་སྒྱུར་ཞབས་ཞུའི་གསོ་སྦྱོང་འཛིན་གྲྭའི་སློབ་མགོ་ཚུགས་པའི་མཛད་སྒོ་ཟི་ལིང་དུ་བསྡུས། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མིའམ་ཀྲུའུ་རེན་གཞོན་པ་ཧ་སི་པ་ཐུའུ་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས་ཏེ་གསུང་བཤད་གནང་། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་སློབ་གཙོ་ཁྲེང་ཡུང་ལང་གིས་ཤིས་ཚིག་ཕུལ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ཡོང་བའི་མི་རིགས་སྐད་ཡིག་གི་ལས་དོན་གཉེར་བའི་སློབ་མ65ལྷག་ཐེངས་འདིའི་གསོ་སྦྱོང་ལ་ཞུགས།

微信图片_20211012114611.jpg

ཚོགས་འདུའི་སྟེང་ཧ་སི་པ་ཐུའུ་ཡིས་མི་རིགས་སྐད་ཡིག་གི་ཡིག་སྒྱུར་བྱ་བ་དེ་ངེས་པར་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་ཐིག་ལ་དམིགས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་གནས་བབ་ཆེན་པོར་ཞབས་ཞུ་བསྒྲུབ་དགོས་ཤིང་། ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་དོན་གལ་ཆེན་ལ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ཀྲུང་ཧྭའི་རིག་གནས་དང་མི་རིགས་སོ་སོའི་རིག་གནས་བར་གྱི་འབྲེལ་བ་ཡང་དག་ཁོང་དུ་ཆུད་དེ། མི་རིགས་སོ་སོའི་རིག་གནས་ཕུལ་བྱུང་རྒྱུན་འཛིན་དང་འཕེལ་རྒྱས། མཉམ་འདྲེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་དགོས་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་དགོས་ངེས་རང་བཞིན་དང་གལ་ཆེན་རང་བཞིན། ཁ་གཏད་རང་བཞིན་བཅས་ལ་གོ་བ་ཟབ་མོ་བླངས་ཏེ་བྱ་བའི་གོ་རིམ་ཁྲོད་ལག་ལེན་དངོས་འབེབས་བྱེད་དགོས་པ་བསྟན། 

ཁྲེང་ཡུང་ལང་གིས་ཤིས་ཚིག་ཕུལ་སྐབས་བཤད་རྒྱུར། ཐེངས་འདིའི་གསོ་སྦྱོང་ནི་སྔར་ལས་ལྷག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་བྱ་བའི་གཞུང་ལུགས་དང་། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་སྐབས་བདུན་པ་ལག་བསྟར་དོན་འཁྱོལ་བྱེད་པ།  ཀྲུང་དབྱང་གི་མི་རིགས་བྱ་བའི་གྲོས་ཚོགས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་མཚོན་བྱེད་ཡིན་ལ། དེ་ནི་སྤྱི་ཁྱབ་ཧྲུའུ་ཅིའི“རིག་གནས་ཀྱི་ངོས་འཛིན་གཅིག་མཐུན”ལ་ཤུགས་སྣོན་པའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ཀྱང་ཡིན། དེ་བས་མི་རིགས་སྐད་ཡིག་གི་ཡིག་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་ཏེ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་། མི་རིགས་ལ་བདེ་སྐྱིད་བསྐྲུན་པར་སྟོབས་ཤུགས་ཆེན་པོ་འབུལ་དགོས།

111.jpg

སློབ་མ་རྣམས་ནི་དུས་རབས་གསར་བའི་མི་རིགས་བྱ་བའི་ཡིག་སྒྱུར་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ང་ཚོས་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དེ་ཡིག་སྒྱུར་བྱ་བའི་མགོ་རྩོམ་ས་དང་རྐང་འཛུགས་ས་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་རྩ་བའི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ནས། རང་འགུལ་གྱིས་བསམ་བློའི་ཆབ་སྲིད་ཀྱི་བྱང་ཚད་དང་བྱ་བའི་ནུས་ཤུགས་ཇེ་མཐོར་བཏང་བ་བརྒྱུད། དུས་རབས་གསར་བའི་མི་རིགས་སྐད་ཡིག་ཡིག་སྒྱུར་བྱ་བ་ལེགས་པོར་སྒྲུབ་པར་འབད་བརྩོན་ལྷོད་མེད་བྱེད་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།