མཚོ་སྔོན་གྱི་ཕོ་གསར་ཞིག་ཀྲུང་དབྱང་བརྙན་འཕྲིན་ཁང་གི《སྐར་འོད་ལམ་ཆེན》ཞེས་པའི་འཕྲིན་ལམ་གྱི་གར་སྟེགས་སྟེང་བུད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ནས་ཐོན་པའི་བོད་རིགས་ཕོ་གསར་ཚེ་བྷེ་ཀྲུང་དབྱང་བརྙན་འཕྲིན་ཁང་གི《སྐར་འོད་ལམ་ཆེན》ཞེས་པའི་འཕྲིན་ལམ་གྱི་གར་སྟེགས་སྟེང་སོང་ནས། གླུ་མ་གྲགས་ཅན་འཇམ་དབྱངས་སྒྲོལ་མ་དང་ལྷན་དུ《རྩྭ་ཐང་སྲུང་བ》ཞེས་པའི་གླུ་དབྱངས་མཉམ་ལེན་བྱས་པ་དང་། གླུ་སྐད་སྙན་མོར་བརྟེན་ནས་ཕ་ཡུལ་གྱི་མཛེས་ལྗོངས་ལ་བསྟོད་གླུ་བླངས། 

9201633921073_.pic_hd.jpg

1997ལོར་རྩེ་ཁོག་རྫོང་དུ་སྐྱེས་པའི་ཚེ་བྷེ་ནི་དངོས་སྦྱོང་སློབ་མ་ཞིག་ཡིན་ལ། སྙན་འཇེབས་ལྡན་པའི་གླུ་སྐད་ལ་བརྟེན་ནས། གླུ་དབྱངས་འགྲན་བསྡུར་མང་པོའི་ནང་ཞུགས་མྱོང་བ་མ་ཟད། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱང་ཐོབ་ཡོད་པ་རེད། ཚེ་བྷེའི་གླུ་སྐད་སྙན་མོར་བརྒྱུད་ནས་མི་མང་པོས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་ཡུལ་སྲོལ་གོམས་གཤིས་ལ་ངོས་འཛིན་ཐུབ་པ་དང་། ཕ་ཡུལ་གྱི་བུ་བུ་མོ་རྣམས་ལ་ཕྱི་རོལ་ཡུལ་གྱི་ངོ་མཚར་མཐོང་ཐུབ་པར་མཐུན་རྐྱེན་བསྐྲུན།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།