ལི་ཧོང་ཡཱ་ཡིས་ཆེད་དོན་གྲོས་ཚོགས་ལ་མགོ་འཛིན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་སྤྱི་བདེ་ཐིང་གི་ཐིང་ཀྲང་ལི་ཧོང་ཡཱ་ཡིས་ཆེད་དོན་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ། ཀྲུང་དབྱང་འཇོན་མིའི་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་ལེན་བྱས་ཏེ། དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཞིང་ཆེན་ཡོངས་ཀྱི་སྤྱི་བདེའི་འཇོན་མིའི་བྱ་བ་ལེགས་པོར་སྒྲུབ་དགོས་པའི་བླང་བྱ་བཏོན། 

ལི་ཧོང་ཡཱ་ཡིས་ནན་གྱིས་བསྟན་དོན། ཆབ་སྲིད་དང་ཏང་ལ་བློ་དཀར་བ་རྒྱུན་འཁྱོངས་བྱེད་པ་དེ་སྤྱི་བདེ་འཇོན་མི་འཛུགས་སྐྲུན་གྱི་ཐོག་མའི་ཚད་གཞིར་བཟུང་ནས། འཕེལ་རྒྱས་ཀྱི་སྟེགས་བུ་འཛུགས་སྐྲུན་དང་། སྒྲིག་སྲོལ་རང་བཞིན་གྱི་སྒྲིག་གཞིའི་དཀའ་གནད་སེལ་བ། འཇོན་མིའི་གསར་གཏོད་གསོན་ཤུགས་སྐུལ་སྤེལ་བྱེད་དགོས། “ཁྱོན་ཡོངས་བཞིའི”དམིགས་འབེན་ཁ་ཕྱོགས་ལ་དམིགས་ནས། དངོས་འཐབ་ཚད་གཞི་རྒྱུན་འཁྱོངས་དང་། མིག་རྒྱང་རིང་དུ་གཏད་དེ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་བྱ་བའི་གནས་བབ་ལ་དབྱེ་ཞིབ་ནན་མོ་བྱེད་པ་དང་། ཆེད་ལས་འཇོན་མིའི་མཛོད་འཐུས་ཚང་དུ་བཏང་སྟེ། དོ་དམ་སྒྲིག་སྲོལ་ཚད་ལྡན་ནུས་མཐོ་འཛུགས་སྐྲུན་བྱས་ནས། སྤྱི་བདེ་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་མི་ཤུགས་ཐོན་ཁུངས་གསོག་ཉར་བྱེད་དགོས། སློབ་གསོའི་གསོ་སྐྱོང་སྒྲིག་གཞི་གསར་གཏོད་དང་། མཐོ་སྒང་དུ་རྐང་ཚུགས་པའི་ཆེད་ལས་འཇོན་མི་མང་པོ་གསོ་སྐྱོང་བྱས་ནས། ཆེད་མཁས་ཅན་དང་། དངོས་འཐབ་ཅན་གྱི་འཇོན་མི་གསོ་སྐྱོང་དང་ནང་འདྲེན་གྱི་ཤུགས་ཚད་ཆེ་རུ་གཏོང་དགོས་ཞེས་བསྟན། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།