གཅན་ཚ་རྫོང་བདེ་སྐྱིད་སྡེ་བའི་ཡུལ་སྐོར་ལས་རིགས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ།

    d590c979-6773-4316-aa67-78a75454e589.tif.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་མགྱོགས་པ་དང་། སྲིད་གཞུང་གིས་སྣེ་ཁྲིད་པ་དང་སྤྱི་ཚོགས་དེའི་ནང་ཞུགས་པ། འཆར་འགོད་སྣེ་ཁྲིད་དང་གནད་ཁེལ་ཇུས་འདོན། གནས་བབ་དང་བསྟུན་པ། གསར་གཏོད་དཔེ་དབྱིབས་སོགས་ཁྱད་ཆོས་གསར་བ་མངོན་ནས། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་པའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།  མིག་སྔའི་བར་ཞིང་ཆེན་ཡོངས་སུ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་ཤང་གྲོང3དང་གཙོ་གནད་སྡེ་བ33། ཞིང་ཆེན་རིམ་པའི་གྲོང་གསེབ་ཡུལ་སྐོར་གཙོ་གནད་སྡེ་བ135། གྲོང་གསེབ་ཡུལ་སྐོར་བྱེད་ཡུལ2325དང་གྲོང་གསེབ་ཀྱི་གནས་སྐོར་མགྲོན་ཁང443བཅས་ཡོད་པ་རེད། འདི་ནི“མཚོ་སྔོན་གྱི“སན་ཡ་ཆུང་ངུ”ཞེས་མཚན་སྙན་ལྡན་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་བདེ་སྐྱིད་སྡེ་བ་རུ་སྡེ་མིས་གླུ་ལེན་གར་རྩེད་བྱས་ཏེ་ཡུལ་སྐོར་བ་སྣེ་ལེན་བྱེད་བཞིན་པའི་ཚུལ་རེད།  ། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།