མཚོ་ཤར་གྲོང་ཁྱེར་གྱི་སྐོར་དང་པོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་སྒོ་བྱང་སྤྲད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས28ཉིན། མཚོ་ཤར་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་སྐྲུན་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དང་ཕིང་ཨན་ཆུས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་སྐྲུན་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གཉིས་ཀྱིས་མཉམ་འབྲེལ་བྱས་ཏེ། ཕིང་ཨན་ཐང་ཆེན་དུ2021ལོའི་མཚོ་ཤར་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་གཙོ་བོའི་དྲིལ་སྒྲོག་ཉིན་མོའི་བྱ་འགུལ་དང་སྐོར་དང་པོའི་མཚོ་ཤར་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་སྒོ་བྱང་སྤྲོད་པའི་མཛད་སྒོ་བསྡུས།

མཛད་སྒོའི་སྟེང། ལི་ཏུའུ་ཆུས་ཀའོ་མེའོ་གྲོང་རྡལ་ཤིན་ཀྲོང་སྡེ་བའི་མའོ་ཀྲའེ་སློབ་གསོའི་རྟེན་གཞི་དང་། ཞིན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོའི་ལྟེ་གནས། དཔལ་ལུང་ཧུའེ་རིགས་རང་སྐྱོང་རྫོང་དྲ་སྟེང་འཐེན་ཐུག་ཚོང་ལས་ལྟེ་གནས་སོགས་སློབ་གསོའི་རྟེན་གཞི10ལ་སྐོར་དང་པོའི་མཚོ་ཤར་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་ཞེས་པའི་མཚན་སྙན་གནང་། 

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ།  མི་རིགས་མཐུན་སྒྲིལ་ཡར་ཐོན་ནི་ཁྱོན་ཡོངས་ལ་འབྲེལ་བ་ཡོད་པ་དང་རྩ་བ་དང་འབྲེལ་བ་ཡོད་པས་དོན་དག་གལ་ཆེན་ཞིག་ཏུ་བརྩིས་ནས་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་སྲུང་བའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཚད་གཞི་མཐོ་བ་དང་རིམ་པ་མང་བ། ཁྱབ་ཁོངས་ཧྲིལ་པོ་བཅས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་བྱ་གཞག་ལ་སྐུལ་འདེད་བཏང་བ་བརྒྱུད། 2019ལོའི་ཟླ12པར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་དུ་བདམས་པ་དང་། རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་དཔེ་སྟོན་སྡེ་ཁག་དང་། ཞིང་ཆེན་རིམ་པ་དང་གྲོང་ཁྱེར་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་སྐོར་ཞིག་གསར་སྐྲུན་བྱས་ཡོད་པས། ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ“མཚོ་ཤར་གྱི་མིག་དཔེ”བསྐྲུན་པ་དང་། མཚོ་བོད་མཐོ་སྒང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་དམིགས་ཚད་ཁྱོན་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས།  ། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།