མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནུས་ཟད་ཟུང་སྡོམ་དང“མཐོ་གཉིས”ལས་གཞི་རྨོངས་ཚོད་འཕེལ་རྒྱས་བཀག་སྡོམ་བྱ་བའི་གྲོས་ཚོགས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས28ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནུས་ཟད་ཟུང་སྡོམ་དང“མཐོ་གཉིས”ལས་གཞི་རྨོངས་ཚོད་འཕེལ་རྒྱས་བཀག་སྡོམ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་རྒྱུན་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྲོས་ཚོགས་ལ་ཕེབས་ཏེ་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་མཛད། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་གཏིང་ཟབ་མོས་སློབ་སྦྱོང་མྱོང་རྟོགས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་དངོས་འབེབས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་ལ་ཡང་དག་པ་དང་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་པོར་གཏོང་བ། ནུས་ཚད་གྲོན་ཆུང་དང་ཟད་གྲོན་ཇེ་ཉུང་དུ་གཏོང་བའི་འགན་འཁྲི་དང་བྲེལ་འཚབ་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ནུས་ཟད་ཟུང་སྡོམ་དང“མཐོ་གཉིས”ལས་གཞི་རྨོངས་ཚོད་འཕེལ་རྒྱས་བཀག་སྡོམ་བྱ་བའི་དམིགས་འབེན་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས་པར་བསྟན། 

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི“ཆེ་ཤོས་གསུམ”གྱི་ཚན་རིག་དང་མཐུན་པའི་ངེས་གནས་དང་། མཚོ་སྔོན་ལ“བདེ་འཇགས་གསུམ”གྱི་སྔར་ལས་གལ་ཆེ་བའི་གོ་གནས་བསྩལ་པ་ཡིད་ལ་དམ་པོར་འཛིན་པ་དང་། རང་ཞིང་གི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་ཐོན་ལས་གྲུབ་ཚུལ་གྱི་ཁྱད་ཆོས་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། མིག་སྔར་གྱི་ནུས་ཟད་ཟུང་སྡོམ་ལ་འཕྲད་པའི་གནས་བབ་དང་གནད་དོན་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱེད་པ། མ་ལག་ལྡན་པའི་རིགས་ལམ་རྒྱུན་འཁྱོངས་བྱེད་པ། “བརྟན་ལྷིང་དྲུག”དང“སྲུང་སྐྱོང་དྲུག” སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་བཅས་ཞིབ་འཇུག་གི་གཙོ་གནད་དུ་འཛིན་པ། མཁོ་སྤྲོད་དགོས་མཁོའི་ཟུར་ཚད་ནས་དཀའ་གནད་སྒྲོལ་བ། ཚན་རིག་དང་མཐུན་པའི་རྣམ་འགྱུར་གྱིས་ཚན་རིག་གི་དོན་དག་ལ་ལྟ་བ། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བས་འཕེལ་རྒྱས་ལ་གཙོ་ཁྲིད་བྱས་ཏེ་རྨོངས་ཚོད་ཡོ་བསྲང་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་། ཕྱོགས་ཆེ་ས་ནས་ཆབ་སྲིད་དང་། སྤྱི་འབོར་གྱི་སྟེང་ནས་དཔལ་འབྱོར། གྲུབ་ཚུལ་གྱི་སྟེང་ནས་ཁོར་ཡུག བྱས་རྗེས་ཀྱི་སྟེང་ནས་དམངས་འཚོ་བཅས་ཀྱི་རྩིས་རྒྱག་པ། ཇུས་འགོད་ལ་སྤྱི་འདོམས་དང་མཐུན་སྦྱོར་ལ་སྐུལ་འདེད་བྱས་ཏེ། ནུས་ཟད་ཟུང་སྡོམ་བྱ་བ་བདེ་བླག་ངང་སྐུལ་འདེད་དང་དུས་ལྟར་དངོས་ཕན་འབྱུང་ཐུབ་པར་ཁག་ཐེག་བྱེད་དགོས། གནད་ལ་ཁེལ་བར་དམིགས་པ་དང་། སེམས་ཤུགས་གཏིང་ནས་འདོན་པ། ལེགས་ཉེས་ཟུང་འབྲེལ་དང་། རྩ་ལག་མཉམ་བཅོས། མ་ལག་ཇུས་བསྟར། རིགས་དགར་མཛུབ་སྟོན་བཅས་ཀྱི་བྱེད་ཐབས་སྤྱད་དེ།  ནུས་ཟད་ཟུང་སྡོམ་དང“མཐོ་གཉིས”ལས་གཞི་རྨོངས་ཚོད་འཕེལ་རྒྱས་བཀག་སྡོམ་གྱི་ལས་འགན་ལྕི་མོ་བློ་ཐག་རྦད་ཆོད་ཀྱིས་ལེགས་འགྲུབ་བྱེད་དགོས། བྱ་བའི་འགན་འཁྲི་ནན་མོར་འཛིན་པ་དང་། ལམ་ལུགས་རྐྱེན་སྲོལ་ལུགས་མཐུན་དུ་གཏོང་བ། བྱ་བའི་འདུས་ཤུགས་མུ་མཐུད་དུ་ཆགས་པར་བྱེད་པ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ནུས་ཟད་ཟུང་སྡོམ་དམིགས་འབེན་སྟོབས་ཤུགས་ཡོད་དགུས་འགྲུབ་པར་བྱས་ཏེ། ཕྱོགས་མཚམས་ཀུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་དང་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན། 

ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ་ཝང་ལི་མིང་གིས་ནུས་ཟད་ཟུང་སྡོམ་དང“མཐོ་གཉིས”ལས་གཞི་རྨོངས་ཚོད་འཕེལ་རྒྱས་བཀག་སྡོམ་གྱི་གནས་ཚུལ་བརྡ་ཁྱབ་བཏང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད། ཞིང་ཆེན་མགོ་ཁྲིད་ལི་ཅེ་ཞང་དང་ཡུས་ཚུང་ལི་གྲོས་ཚོགས་ལ་ཕེབས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།