ཀྲུང་དབྱང་གི་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་བཅོ་ལྔ་པ་ཟི་ལིང་བཙོན་ཁང་དུ་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་བསྐྱོད་དེ་སྒྲིག་འགལ་ཁྲིམས་འགལ་ངང“འཕྲི་གློད་འཕྲལ”གསུམ་གྱི་གྱོད་གཞིར་གྲལ་བཤེར་བཅོས་སྒྲིག་བྱེདཔའི་བྱ་བའི་སྐུལ་འདེད་གྲོས་ཚོགས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས28ཉིན། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གྱི་ཀྲུང་དབྱང་གི་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་བཅོ་ལྔ་པའི་ཙུའུ་ཀྲང་གཞོན་པ་མཱ་ཀྲིན་ཆི་ཡིས་རུ་ཁག་གི་སྣེ་ཁྲིད་དེ་ཟི་ལིང་བཙོན་ཁང་དུ་བསྐྱོད་ནས་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་། སྒྲིག་འགལ་ཁྲིམས་འགལ་གྱི“འཕྲི་གློད་འཕྲལ”གསུམ་གྱི་གྱོད་གཞིར་གྲལ་བཤེར་བཅོས་སྒྲིག་བྱེད་པའི་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་སྐུལ་འདེད་གཏིང་ཟབ་གཏོང་བའི་གྲོས་ཚོགས་ལ་མགོ་འཛིན་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྔར་ལས་ལྷག་པར་སྐུལ་འདེད་བཏང་།

ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་གིས་ཟི་ལིང་གི་བཙོན་ཁང་སྲིད་འཛིན་ཁུལ་ལ་ལྟ་ཞིབ་བྱས་ཏེ། ལྟ་སྐུལ་ཚོད་འཛིན་མ་ལག་བརྒྱུད་བཙོན་ཁང་གི་དོ་དམ་གནས་ཚུལ་ལ་རྒྱུས་ལོན་དང་། ཞིང་ཆེན་ཡོངས་ཀྱི་བཙོན་ཁང་ཁོངས་གཏོགས་ཀྱིས་སྒྲིག་འགལ་ཁྲིམས་འགལ་ངང“འཕྲི་གློད་འཕྲལ”གསུམ་གྱི་གྱོད་གཞིར་གྲལ་བཤེར་བཅོས་སྒྲིག་བྱེད་པའི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་ཞིང་། སྒྲིག་འགལ་ཁྲིམས་འགལ་གྱིས“འཕྲི་རྫུན་འཕྲལ”གསུམ་གྱི་གྱོད་གཞིར་གྲལ་བཤེར་བཅོས་སྒྲིག་བྱེད་པའི་བྱ་བ་ཏན་ཏིག་ངང་ལེགས་པོར་སྒྲུབ་དགོས་པའི་བླང་བྱ་བཏོན།

མཱ་ཀྲིན་ཆི་ཡིས་མཚོ་སྔོན་གྱི་བཙོན་ཁང་ཁོངས་གཏོགས་ཀྱི“འཕྲི་གློད་འཕྲལ”གསུམ་གྱི་གྱོད་གཞིར་གྲལ་བཤེར་བཅོས་སྒྲིག་བྱས་པའི་བྱ་བར་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས་ངོས་འཛིན་མཐོ་རུ་བཏང་ནས“འཕྲི་གློད་འཕྲལ”གསུམ་གྱི་དག་ཐེར་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་པར་ངེས་པར་ཆབ་སྲིད་ལ་མཐོང་ཆེན་བྱེད་པའི་མཐོ་ཚད་དང་བསམ་བློ། བྱ་སྤྱོད་བཅས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། འགན་འཁྲིའི་བསམ་པ་དང་དགོས་གལ་ཆེ་བའི་བསམ་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས“འཕྲི་གློད་འཕྲལ”གསུམ་གྱི་གྱོད་གཞིར་གྲལ་བཤེར་བཅོས་སྒྲིག་བྱེད་པའི་བྱ་བར་ཕན་འབྲས་དངོས་ཐོན་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། རང་བཤེར་རང་བཅོས་དང་གཙོ་གནད་གྱོད་གཞིའི་རིགས་དགུ་དཔྱད་ཞིབ། གནད་དོན་གྱོད་གཞི་ཡོ་བསྲང་། ཁུངས་བསྟུན་ཞིབ་བཤེར། སྒྲིག་སྲོལ་ལམ་ལུགས་བཟོ་བ་བཅས་ལ་དམ་པོར་དམིགས་ཏེ། གཙོ་གནད་དམ་འཛིན་གྱིས“འཕྲི་གློད་འཕྲལ”གསུམ་གྱི་དག་ཐེར་བྱ་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས། མགོ་ཁྲིད་ཀྱིས་བཅོས་སྒྲིག་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་གྲལ་བཤེར་དང་བཅོས་སྒྲིག་ལས་དོན་གྱི་གོམ་སྟབས་གཅིག་གྱུར་དང་མཉམ་གདངས་མཉམ་འགུལ་ཡོང་བར་འགན་ལེན་བྱས་ཏེ། དག་ཐེར་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བར་འགན་ལེན་བྱེད་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།