མཚོ་སྔོན་ཞིང་ཆེན་གྱི་ཐུན་མོང20ལ“རྒྱལ་ཡོངས་ཀྱི་གཞོན་ནུ་དཔལ་ཡོན་ཅན”གྱི་གཟི་བརྗིད་མཚན་སྙན་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། སྐབས20པའི་རྒྱལ་ཡོངས་ཀྱི་གཞོན་ནུ་དཔལ་ཡོན་ཅན་གྱི་ཐུུན་མོང་དཔྱད་འདེམས་མཇུག་འབྲས་ཁྱབ་བསྒྲགས་བྱས་ཤིང་། ཐུན་མོང་སྡེ་ཁག188ལ་“རྒྱལ་ཡོངས་ཀྱི་གཞོན་ནུ་དཔལ་ཡོན་ཅན་དུ་ངོས་འཛིན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གཞོན་ནུ་ཐུན་མོང20ལ་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།

“གཞོན་ནུ་དཔལ་ཡོན་ཅན་”གྱི་བྱ་འགུལ1994ལོར་སྤེལ་འགོ་ཚུགས་པ་དང་། ཐོག་མཐའ་བར་གསུམ་དུ་གཞོན་ནུ་ལས་རིགས་ཚོགས་སྤྱིར་ཕྱོགས་ནས“ལས་བཀུར་དང་། རོགས་འདེགས། ལེགས་བསྐྲུན། བྱས་རྗེས་འཇོག་པ”བཅས་འདུ་ཤེས་སུ་བཟུང་ནས། ལས་རིགས་དཔལ་ཡོན་དར་སྤེལ་དང་སྔོན་ཐོན་ཐུན་མོང་དང་ཕུལ་བྱུང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱས་པ་བརྒྱུད། མང་ཚོགས་རང་བཞིན་དང་ལག་ལེན་རང་བཞིན། སྤུས་རྟགས་རང་བཞིན་བཅས་ལྡན་པའི་བསམ་པའི་དཔལ་ཡོན་སྲོལ་གཏོད་པའི་བྱ་འགུལ་ཞིག་རེད། ཐེངས་འདིའི་མཚན་འཛིན་གཟེངས་བསྟོད་ནི་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་སོགས་རྒྱལ་ཡོངས་ཀྱི“གཞོན་ནུ དཔལ་ཡོན་ཅན”བསྐྲུན་པའི་བྱ་འགུལ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་སྡེ་ཁག23གྱིས་མཉམ་འབྲེལ་བྱས་ཐོག་སྤེལ་བ་ཡིན་ལ། ཕྱོགས་བསྡུས་རྟོག་ཞིབ་དང་རིམ་པ་བརྒྱུད་ནས་འོས་སྦྱོར་བྱེད་པ། གཅིག་སྡུད་ཞིབ་བཤེར་དང་སྤྱི་ཚོགས་ཐོག་ཡོངས་བསྒྲགས་སོགས་ཀྱི་གོ་རིམ་བརྒྱུད་ནས་བདམས་ཐོན་བྱུང་བ་རེད། 

མཚོ་སྔོན་ཞིང་ཆེན་མཚོ་སྔོན་རྒྱལ་ཁབ་གསོག་འཇོག་ཟོག་འགྲེམས་ཚད་ཡོད་ཀུང་སིའི་འཕྲུལ་ཆས་རུ་ཁག་དང་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་མྱུར་བགྲོད་གཞུང་ལམ་རུ་ཁག་ལོ་ཏུའུ་ལས་སྒྲུབ་རུ་ཆེན་སོགས་ཐུན་མོང20གྲས་སུ་ཚུད་ཡོད་པ་རེད། 

མིང་ཐོ་གཤམ་གསལ་ལྟར། 

མཚོ་སྔོན་རྒྱལ་གསོག་ཟོག་འདྲེན་ཚད་ཡོད་ཀུང་སིའི་འཕྲུལ་ཆས་རུ་ཁག།

མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་མྱུར་བགྲོད་གཞུང་ལམ་རུ་ཁག་ལོ་ཏུའུ་ལས་སྒྲུབ་རུ་ཆེན།

ཟི་ལིང་གྲོང་ཁྱེར་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཞིང་ཆེན་ཐད་གཏོགས་ལྟེ་གནས།

མཚོ་སྔོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་འཁོར་སྤྱོད་དོ་དམ་ཚད་ཡོད་ཀུང་སི་ཟི་ལིང་ཡན་ལག་ཀུང་ཟིའི་མཚོ་ཤར་ཤར་ལམ་རིན་བསྡུའི་ས་ཚིགས།

མཚོ་སྔོན་ཉིང་ཧྲེ་ཚད་ཡོད་ཀུང་སིའི་ཆ་འཕྲིན་པུའུ།

མཚོ་སྔོན་ཞིང་ཆེན་ཁང་ཧུའེ་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་འགན་འཁྲི་ཚད་ཡོད་ཀུང་སི།

མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་གཤགས་བཅོས་སྦྲིད་སྨན་ཚན་ཁག

ཀྲུང་གོ་མཁའ་འགྲུལ་སྣུམ་རྒྱུ་འགན་འཁྲི་ཚད་ཡོད་ཀུང་ཟི་མཚོ་སྔོན་ཡན་ལག་ཀུང་ཟི་ཟི་ལིང་མཁའ་འགྲུལ་སྣུམ་སྣོན་ས་ཚིགས།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཁྲལ་དོན་ཅུས་ཁྲལ་དོན་ཡན་ལག་ཅུས་དང་པོ།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མང་ཡ་གྲོང་ཁྱེར་ཁྲལ་དོན་ཅུས།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་གུང་ཧོ་རྫོང་ཁྲལ་དོན་ཅུས་ཁྲལ་དོན་ཡན་ལག་ཅུས་དང་པོ།

ཀྲུང་གོ་མི་དམངས་དངུལ་ཁང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལྟེ་གནས་ཡན་ལག་དངུལ་ཁང་འགན་སྲུང་ཁང་།

ཀྲུང་གོ་ཞིང་ལས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་མཚོ་སྔོན་ཡུལ་ཤུལ་རྫ་སྟོད་རྫོང་ཡན་ལག་དངུལ་ཁང་།

མཚོ་སྔོན་ཧུའུ་ཀྲུའུ་ནས་ཆང་མ་རྐང་ཚད་ཡོད་ཀུང་ཟིའི་ལག་རྩལ་ལྟེ་གནས།

ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི་ཟི་ལིང་བཟོ་ལས་འཕྲུལ་ཆས་དུམ་བུའི་ལྕགས་ལམ་འཁོར་ཁང་ཚ་ལ་རྒྱག་སའི་རུ་ཁག

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལས་ཁུངས་བྱིས་གཉོར་ཁང་།

མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་མེ་འགོག་མྱུར་སྐྱོབ་རུ་ཁག

ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་མ་རྐང་མཚོ་སྔོན་ན་གོར་མོ་རྡོ་སྣུམ་ཡན་ལག་ཀུང་སིའི་ནན་ཧྲན་སྣུམ་སྣོན་ས་ཚིགས།

ནུབ་རྒྱུད་གནམ་གྲུ་ཐང་སྡེ་ཚོགས་མཚོ་སྔོན་གནམ་གྲུ་ཐང་ཚད་ཡོད་ཀུང་སིའི་གནམ་གྲུའི་ལས་དོན་བཟོ་སྐྲུན་རུ་ཁག

རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གླག་ཤུགས་ཀུང་སི་རྩེ་ཁོག་རྫོང་གློག་འདོན་ཀུང་སི།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།