ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བདུན་པ་ཟི་ལིང་དུ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རོང་དང་། ཉི་མ་སྒྲོལ་མ། ཉའོ་ཁྲུན་ཡུན། ཝུའུ་ཧའེ་ཁུན། ལིག་ཐུང་ཏི། ཀྲང་ཧོང་ཡོན་དང་། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་ཁྱོན་མི46ཚོགས་འདུར་ཞུགས་པས། ཁྲིམས་བཅད་མི་གྲངས་དང་མཐུན། ཀྲང་ཀོང་རོང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་བྱས།
ཚོགས་འདུས་ཐེངས་འདིའི་གྲོས་ཚོགས་ཀྱི་མི་དོན་ལས་དོན་གནས་ཚུལ་གསལ་བཤད་ལ་ཉན་པ་དང་། 《མཚོ་སྔོན་ཞིང་ཆེན་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་སྲོལ་ཡིག(འཆར་ཟིན)》གྲོས་ཞིབ་སྐོར་གྱི་མཇུག་འབྲས་སྙན་ཞུ་དང་།《མཚོ་སྔོན་ཞིང་ཆེན་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་སྲོལ་ཡིག(འཆར་ཟིན)》གི་གྲོས་ཞིབ་མཇུག་འབྲས་སྙན་ཞུ། 《མཚོ་སྔོན་ཞིང་ཆེན་མེ་གསོད་མེ་འགོག་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》གི་གྲོས་ཞིབ་མཇུག་འབྲས་སྙན་ཞུ། 《མཚོ་སྔོན་ཞིང་ཆེན་གྱི་འཁོར་རྒྱུག་དཔལ་འབྱོར་སྐུལ་འདེད་སྲོལ་ཡིག(འཆར་ཟིན)》གྱི་གསལ་བཤད། དེ་མིན《མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག(འཆར་ཟིན)》གི་གསལ་བཤད། 《མཚོ་སྔོན་ཞིང་ཆེན་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་སྲོལ་ཡིག(འཆར་ཟིན)》གི་གསལ་བཤད།《མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐེངས་བརྒྱད་པའི་ལོ་ལྔའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་གྲོས་ཆོད(འཆར་ཟིན)》ཀྱི་གསལ་བཤད།《ཟི་ལིང་གྲོང་ཁྱེར་རྒྱལ་གཅེས་འཕྲོད་བསྟེན་དོ་དམ་སྲོལ་ཡིག(བཟོ་བཅོས)》གི་གསལ་བཤད།《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་རང་སྐྱོང་སྲོལ་ཡིག(བཟོ་བཅོས)》སྐོར་གྱི་གསལ་བཤད།《མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་སྲོལ་ཡིག(བཟོ་བཅོས)》སྐོར་གྱི་གསལ་བཤད་བཅས་ལ་ཉན་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཁྲིམས་ལུགས་ལག་བསྟར་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་ཀྲང་ཀོང་རོང་གིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲ་གཟུགས་སྙིགས་རྫས་ཀྱི་ཁོར་ཡུག་འབག་བཙོག་འགོག་བཅོས་བཅའ་ཁྲིམས》ཞིབ་བཤེར་སྐོར་གྱི་ལག་བསྟར་གནས་ཚུལ་སྙན་ཞུ་དང་། ཁྲིམས་ལུགས་ལག་བསྟར་ཚན་ཆུང་གི་ཚན་གཙོ་ཉའོ་ཁྲུན་ཡུན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱུགས་རིགས་བཅའ་ཁྲིམས》ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཝང་ལི་ཡིས་ཕུལ་བའི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི“བདུན་ལྔའི”ཁྲིམས་ལུགས་ཁྱབ་གདལ་གྲོས་ཆོད་ལག་བསྟར་དོན་འཁྱོལ་གྱི་གནས་ཚུལ་སྙན་ཞུ། 2021ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམ་སྤེལ་སྐོར་གྱི་འབྲེལ་ཡོད་གཏོང་ཡོང་སྙོམས་སྒྲིག་ཡོང་སྒོའི་སྔོན་རྩིས་སྙན་ཞུ། ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་དྲུག་པའི་འཐུས་མིའི་བསམ་འཆར་ལས་སྒྲུབ་བྱ་བའི་གནས་ཚུལ་སྙན་ཞུ་བཅས་ལ་ཉན།
ཚོགས་འདུས《མཚོ་སྔོན་ཞིང་ཆེན་འཁོར་རྒྱུག་དཔལ་འབྱོར་སྐུལ་སྤེལ་སྲོལ་ཡིག(འཆར་ཟིན)》གི་གྲོས་ཞིབ་བསམ་འཆར་དཔར་འགྲེམ་དང་།《མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག(འཆར་ཟིན)》གི་གྲོས་ཞིབ་བསམ་འཆར། 《ཟི་ལིང་གྲོང་ཁྱེར་རྒྱལ་གཅེས་འཕྲོད་བསྟེན་དོ་དམ་སྲོལ་ཡིག(བཟོ་བཅོས)》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་རང་སྐྱོང་སྲོལ་ཡིག(བཟོ་བཅོས)》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་དོན་ཁྲིམས་གཞུང>གཉེན་སྒྲིག་ལོ་ཚོད་འགྱུར་བཅོས་གཏན་འབེབས》སྐོར་གྱི་གསལ་བཤད་དང་། 《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་དོན་ཁྲིམས་གཞུང་>གཉེན་སྒྲིག་ལོ་ཚོད་འགྱུར་བཅོས་གཏན་འབེབས་ལག་བསྟར》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་རང་སྐྱོང་སྲོལ་ཡིག(བཟོ་བཅོས)》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས2021ལོའི་ས་གནས་བུན་འཛིན་འགྲེམ་སྤེལ་དང་འབྲེལ་ཡོད་གཏོང་ཡོང་སྙོམས་སྒྲིག་ཡོང་སྒོའི་སྔོན་རྩིས་སྙན་ཞུའི》ཞིབ་བཤེར་སྙན་ཞུ་དང་། སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་དྲུག་པའི་འཐུས་མིའི་བསམ་འཆར་བྱ་བའི་གནས་ཚུལ་སྙན་ཞུ་གཙོ་གནད་ལས་སྒྲུབ་དང་། འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྙན་ཞུ་བཅས་དཔར་འགྲེམ་བྱས།
འདེམས་བསྐོ་བྱེད་རྩིས་ཡོད་པའི་འོས་མིས་གཏམ་བཤད།
ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ་ཝང་ལི་མིང་། ཞིང་ཆེན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙེ་ཅུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགན་ཁུར་བ་སོགས་གྲོས་ཚོགས་སུ་ཟུར་ཞུགས་བྱས། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བདུན་པ་བསྡུས།