མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཚོང་རའི་བཅོས་སྐྱོང་སྤུས་ཚད་མཐོར་འདེགས་བྱ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཚོང་རའི་བཅོས་སྐྱོང་སྤུས་ཚད་མཐོར་འདེགས་བྱ་བའི་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཚོང་རའི་སྒྲིག་ལམ་བཅོས་སྐྱོང་བྱ་བ་བཀོད་སྒྲིག་བྱས་པ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། གྲོས་ཚོགས་སྟེང་འབྲེལ་ཡོད་ལས་ཁུངས་དང་ཡུལ་སྐོར་ཁེ་ལས་ཀྱིས་གཏམ་བཤད།

དབྱང་ཧྥིན་ཁྲུན་གྱིས་ནན་གྱིས་བསྟན་དོན། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། མཐོ་གནོན་གྱི་རྣམ་འགྱུར་རྒྱུན་འཁྱོངས་ཀྱིས། ཁྲིམས་ལྟར་དཔེར་མཚོན་དོན་རྐྱེན་རྩད་སྒྲུབ་དང་།ཡུལ་སྐོར་ལས་རིགས་ཀྱི“ནག་ཐོའི”སྒྲིག་སྲོལ་སྒྲིག་འཛུགས་དང་། ཡུལ་སྐོར་ཁེ་ལས་དང་འབྲེལ་བའི་ཞབས་ཞུའི་ཆུ་ཚད་ལེགས་བཅོས་བྱས་ནས། ཡུལ་སྐོར་བའི་མྱོང་རོལ་དང་ཡིད་ཚིམས་ཚད་མཐོར་འདེགས་སུ་གཏོང་དགོས། ཚད་ལྡན་ལས་རིགས་ཀྱི་ཚད་གཞི་རྒྱུན་འཁྱོངས་དང་དོ་དམ་ལ་དོ་སྣང་དང་ཞིབ་ཚགས་སུ་དངོས་འབེབས་བྱས་ནས། Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དང་སྐར་མ་རིམ་པའི་ཟ་ཁང་། ཞིང་སྡེའི་ཡུལ་སྐོར་བྱེད་ས། གནས་ཤན་པ་སོགས་སྐར་མ་རིམ་པའི་དཔྱད་འཇོག་ལག་བསྟར་བྱེད་པ། རྟགས་ཚད་དཔྱད་བསྡུར། ཞིབ་རྩིས་ཕྱིར་འབུད་སྒྲིག་སྲོལ་སྒྲིག་འཛུགས་བྱས་ནས། ཕུགས་ཕན་སྒྲིག་སྲོལ་སྒྲིག་འཛུགས་སྟེང་ཤུགས་བསྣོན་དགོས། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་དངུལ་གཏོང་གི་ཤུགས་ཚད་ཆེ་རུ་བཏང་ནས། རིག་གནས་ཡུལ་སྐོར་ལས་གཞིར་སྐུལ་འདེད་དང་ལྗོངས་ཁུལ་གྱི་སྒྲིག་ཆས་འཛུགས་སྐྲུན་ཇེ་ལེགས་སུ་བཏང་ནས།ཡུལ་སྐོར་སྤྱོད་ཁང་འཐུས་ཚང་མཐོར་འདེགས་དང་། བློ་གྲོས་ཡུལ་སྐོར་ལ་སྐུལ་འདེད་བཏང་སྟེ། མི་འདང་ས་ཁ་གསབ་བྱེད་དགོས་ཞེས་བསྟན། 

དབྱང་ཧྥིན་ཁྲུན་གྱིས་རྒྱལ་སྟོན་དུས་སྐབས་ཀྱི་ཡུལ་སྐོར་དང་བདེ་འཇགས་བྱ་བར་གཅིག་བསྡུས་དམ་འཛིན་བྱེད་པ་དང་། གནད་འགག་ཁྱབ་ཁོངས་ལ་དམིགས་ནས། བདེ་འཇགས་ཐད་ཀྱི་ཉེན་ཁར་བཅོས་སྐྱོང་གི་ཤུགས་ཚད་ཆེ་རུ་བཏང་སྟེ། ལས་རེས་སྒྲིག་སྲོལ་དོན་འཁྱོལ་དང་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་ཤུགས་དྲག་ཏུ་བཏང་སྟེ། མཉམ་འགོག་མཉམ་བཅོས་ལ་ཤུགས་བསྣན་ནས། ཡུལ་སྐོར་ཚོང་རའི་བདེ་འཇགས་གོ་རིམ་ལྡན་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།