ཟི་ལིང་ནས་ཧུའུ་ཀྲུའུ་བར་གྱི་རིམ་པ་དང་པོའི་གཞུང་ལམ་གྱི་དུས་སྐབས་དང་པོའི་རྣམ་གྲངས་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་བྱས།

微信图片_20210928094350.jpg

ཀྲུང་གོ་བོད་དྲ་བའི་འཕྲིན། ཟླ9པའི་ཚེས27ཉིན། ཟི་ལིང་ནས་ཧུའུ་ཀྲུའུ་བར་གྱི་རིམ་པ་དང་པོའི་གཞུང་ལམ་སྒྱུར་བཀོད་བཟོ་སྐྲུན་གྱི་དུས་སྐབས་དང་པོའི་རྣམ་གྲངས་ཡུན་ཅ་འགག་གྲོང་རྡལ་གྱི་ཀྲུའུ་ཅ་ཀྲོང་གྲོང་ཚོ་ནས་ཧུའུ་ཀྲུའུ་ཤར་གྱི་ལམ་དུམ་བར་འཛུགས་སྐྲུན་བྱས་ནས་རླངས་འཁོར་ཤར་གཏོང་བྱས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་རླངས་འཁོར་ཤར་གཏོང་བྱེད་པའི་མཛད་སྒོར་ཞུགས་ནས་རླངས་འཁོར་ཤར་གཏོང་བྱས་པ་ཁྱབ་བསྒྲགས་གནང་།

微信图片_20210928094359.jpg

ཟི་ལིང་ནས་ཧུའུ་ཀྲུའུ་བར་གྱི་རིམ་པ་དང་པོའི་གཞུང་ལམ་གྱི་ནུས་བསྐྱེད་སྒྱུར་བཀོད་བཟོ་སྐྲུན་རྣམ་གྲངས་ཡུན་ཅ་འགག་གྲོང་རྡལ་གྱི་ཀྲུའུ་ཅ་ཀྲོང་གྲོང་ཚོ་ནས་ཧུའུ་ཀྲུའུ་ཤར་བར་གྱི་ལམ་དུམ་ནི་ཞིང་ཆེན་ཡོངས་ཀྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་བྱས་པའི་གཞུང་ལམ་རྣམ་གྲངས་ཐོག་མ་ཡིན་པ་རེད། རྣམ་གྲངས་འཛུགས་སྐྲུན་བྱས་རྗེས་ཟི་ལིང་གྲོང་ཁྱེར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྒྲོམ་གཞི་གཙོ་བོ་ཆགས་ནས་ཟི་ལིང་དང་མཚོ་ཤར་ས་ཁུལ་གཉིས་ཀྱི་ཁྱད་ལྡན་ཐོན་ལས་གཅིག་སྡུད་ཁུལ་དང་། ས་མཐོའི་ཞིང་ལས་ཐོན་རྫས་འདེབས་འཛུགས་ཁུལ། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁུལ། གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་བཅས་མཉམ་དུ་གྲུབ་པས་མི་དམངས་ཀྱི་ཕྱུག་འགྱུར་ལམ་བུ་དང་། མི་རིགས་མཐུན་སྒྲིལ་ལམ་བུ། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་བཅས་ཆགས་ནས། མཚོ་སྔོན་ཤར་རྒྱུད་གྲོང་ཁྱེར་ཁྱུ་ཚོགས་མཐུན་སྦྱོར་འཕེལ་རྒྱས་ཇེ་མགྱོགས་དང་། ཟི་ལིང་གི་ནུས་པ་གཙོ་བོ་འདོན་སྤེལ་དང་། ཟི་ལིང་མཚོ་ཤར་རྒྱུད་ཀྱི་གཞི་གཅིག་ཅན་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།

微信图片_20210928094405.jpg

བྱེད་སྒོ་སྤེལ་བའི་རིང་། ཁོང་ཡུང་གིས་ད་དུང་ཡུན་ཅ་འགག་དང་། ཞིང་ཆེན་འགྲིམ་འགྲུལ་ཚོད་འཛིན་ཚོགས་པའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”གཙོ་ཆེའི་གྲོན་བསྡུའི་གཞུང་ལམ་རྣམ་གྲངས་འཆར་འགོད་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།