མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་རིམ་པའི་མང་ཚོགས་དང་གུང་གཞོན་ཚོགས་པའི་མཉམ་འབྲེལ་གྲོས་ཚོགས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་རིམ་པའི་མང་ཚོགས་དང་གུང་གཞོན་ཚོགས་པའི་མཉམ་འབྲེལ་གྲོས་ཚོགས་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མང་ཚོགས་དང་གུང་གཞོན་ཚོགས་པའི་བྱ་གཞག་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་། མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་མོས་སློབ་སྦྱོང་ལག་བསྟར་བྱེད་པ་དང་། མང་ཚོགས་དང་གུང་གཞོན་ཚོགས་པའི་བྱ་བའི་གནས་ཚུལ་གྱི་སྙན་ཞུར་མཉན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་ཚོགས་འདུར་ཕེབས་ཏེ་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཚོགས་འདུར་ཕེབས། ཧྲིན་ཀྲང་གཞོན་པ་ཀྲང་ལིས་མགོ་འཛིན་མཛད། 

ཚོགས་ཐོག་ནས། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བུད་མེད་མཐུན་ཚོགས། ཞིང་ཆེན་རིག་རྩལ་མཐུན་ཚོགས། ཞིང་ཆེན་ཚན་རྩལ་མཐུན་ཚོགས། ཞིང་ཆེན་དབང་པོ་སྐྱོན་ཅན་མཐུན་ཚོགས། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ། ཞིང་ཆེན་བཟོ་ཚོང་མཐུན་ཚོགས། ཞིང་ཆེན་ཕྱི་སྡོད་ཀྲུང་གོ་བའི་མཐུན་ཚོགས་སོགས་མང་ཚོགས་དང་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱི་འགན་ཁུར་བློ་མཐུན་གྱིས་བྱ་བའི་གནས་ཚུལ་སྙན་ཞུ་ཕུལ། 

ཞིན་ཁྲང་ཞིང་གིས་མང་ཚོགས་དང་གུང་གཞོན་ཚོགས་པ་ནི་ཤིན་ཏུ་གལ་ཆེ་བས་ངེས་པར་དུ་བྱས་འབྲས་ཆེན་པོ་ཡོད་དགོས། མང་ཚོགས་དང་གུང་གཞོན་ཚོགས་པ་ནི་ང་ཚོའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་རྒྱུན་ལྡན་རང་བཞིན་དང་རྨང་གཞི་རང་བཞིན་གྱི་བྱ་བ་ཞིག་ཡིན། མང་ཚོགས་དང་གུང་གཞོན་ཚོགས་པ་སོ་སོའི་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མང་ཚོགས་དང་གུང་གཞོན་ཚོགས་པའི་བྱ་གཞག་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་མོས་སློབ་སྦྱོང་ལག་བསྟར་བྱེད་པ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ། བསླབ་པ་ཟབ་ཅིང་མྱོང་བ་ཞིབ་པ་དང་། མཐའ་གསལ་ཞིང་མཐིལ་རྟོགས་པ། དངོས་འབེབས་ལེགས་པོར་བཟུང་སྟེ། སྔར་ལས་ལྷག་པར་འགན་ནུས་ངེས་གནས་ཡང་དག་པར་འཚོལ་བ་དང་བྱ་བའི་གཙོ་གནད་གསལ་པོར་བཟོ་དགོས། བྱ་བའི་གསར་གཏོད་ལ་སྐུལ་འདེད་དང་། བྱ་བའི་ཟུང་འབྲེལ་བྱེད་ས་དང་གཞི་འབེབས་ས་ཡང་དག་པར་འཚོལ་བ། རང་རྟོགས་སྒོས་སྐྱེ་ཁམས་དཔལ་ཡོན་མཐོ་ས་དང“གནས་བཞི”འཛུགས་སྐྲུན་ཁྲོད་དུ་ཞུགས་ཏེ། རིག་གནས་ཀྱིས་སྣེ་ཁྲིད་པ་དང་། སྤྱི་ཕན་ཞབས་ཞུ། ཉམ་ཆུང་སྐྱོར་ཞིང་དབང་པོ་སྐྱོན་ཅན་ལ་རོགས་རམ་སོགས་ཀྱི་ཁྱབ་ཁོངས་སུ་བྱས་རྗེས་གསར་པ་འཇོག་པར་འབད་དགོས། དབང་སྲུང་ཞབས་ཞུ་ལ་ཤུགས་སྣོན་པ་དང་། རང་འགུལ་གྱིས་མང་ཚོགས་ཀྱི་བསམ་བློའི་སྣེ་ཁྲིད་པ་དང་། མང་ཚོགས་ཀྱི་ཁེ་ཕན་གྱི་སྲུང་སྐྱོང་པ་ལེགས་པོར་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱིས་ཡིད་རྟོན་རུང་བ་དང་། བློ་གཏད་ཆོག་པ། ཁ་བྲལ་ཐབས་མེད་པའི་བློ་མཐུན་པའི་མི་དང་སྙིང་ཉེ་བའི་མིར་འགྱུར་དགོས། ཕྱོགས་སོ་སོའི་བསམ་འཆར་ལ་ཉན་པར་མཐོང་ཆེན་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་འདོན་པ། བློ་འདོན་ཇུས་འབུལ་དང་། སློབ་གསོའི་སྣེ་ཁྲིད། འགལ་བ་ཐག་གཅོད་བཅས་ཀྱི་སྟེང་ཤུགས་མང་ཙམ་བཏོན་ཏེ། སྤྱི་ཚོགས་མཁའ་དབུགས་ལེགས་པོ་ཞིག་སྐྲུན་དགོས་ཞེས་བསྟན། 

ཞིན་ཁྲང་ཞིང་གིས་མང་ཚོགས་དང་གུང་གཞོན་ཚོགས་པའི་བྱ་གཞག་ཤིན་ཏུ་གལ་ཆེན་ཡིན་པས་སྲིད་གཞུང་གིས་སྟོབས་ཤུགས་ཡོད་དགུས་རྒྱབ་སྐྱོར་བྱེད་བཞིན་ཡོད། མང་ཚོགས་དང་གུང་གཞོན་ཚོགས་པའི་བྱ་གཞག་ནི་ཏང་གི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། སྲིད་གཞུང་གི་སྡེ་ཁག་སོ་སོས་ཆེ་ཕྱོགས་ལ་དམིགས་ཏེ། རང་འགུལ་གྱིས་ཐད་སྦྲེལ་བྱེད་པ་དང་། མཉམ་སྐྲུན་ལ་ཤུགས་སྣོན་པ། བསམ་འཆར་ལ་ཉན་པ། གནད་དོན་ཐག་གཅོད་པ། ཁག་ཐེག་མཁོ་འདོན་བྱེད་པ། མང་ཚོགས་དང་གུང་གཞོན་ཚོགས་པའི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། མང་ཚོགས་དང་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱི་བྱ་བ་སྤེལ་ཆེད་ཆ་རྐྱེན་བཟང་པོ་གསར་དུ་བསྐྲུན་ཏེ། མཐུན་སྦྱོར་གསར་གཏོད་དང་འཕེལ་རྒྱས་ལ་མཉམ་ཇུས་འགོད་པའི་སྟོབས་ཆེ་བའི་འདུས་ཤུགས་གཅིག་ཏུ་སྒྲིལ་དགོས་པའི་བསམ་ཚུལ་བསྟན།  །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།