རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ནང་རིག་བསླབ་གཞི་སྒྲིག་འཛུགས་སྐོར་གྱི་དཔྱད་གླེང་ཚོགས་འདུ་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་འཚོགས།

IMG_7992.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། མཁའ་འགྲོ་ཚེ་བརྟན།) ཟླ9པའི་ཚེས27ཉིན་གྱི་སྔ་དྲོར།   རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ནང་རིག་བསླབ་གཞི་སྒྲིག་འཛུགས་སྐོར་གྱི་དཔྱད་གླེང་ཚོགས་འདུ་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་འཚོགས།  ཀྲུང་དབྱང་བོད་ལྗོངས་ལས་དོན་མཐུན་སྦྱོར་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་སྲི་ཐར་ཚོགས་འདུར་ཞུགས་ཤིང་གཏམ་བཤད་གནང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གླིང་གཙོ་རིན་ཆེན་རྣམ་རྒྱལ་གྱིས་ཤིས་ཚིག་ཕུལ།

BH9A5712.jpg

སྲི་ཐར་གྱིས་བསྟན་དོན། བོད་བརྒྱུད་ནང་བསྟན་སྡེ་ཁག་ཏུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དགོས་མཁོ་དངོས་ཡིན་ལ། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་དང་། བོད་བརྒྱུད་ནང་བསྟན་སྡེ་ཁག་དུས་བསྟུན་མདུན་སྐྱོད་ཡོང་བར་སྐུལ་སྤེལ་དང་མུ་མཐུད་དུ་བོད་བརྒྱུད་ནང་བསྟན་སྡེ་ཁག་གི་ཆོས་ལུགས་མི་སྣའི་བྱང་ཚད་མཐོར་འདེགས་སུ་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡང་རེད།  བོད་བརྒྱུད་ནང་བསྟན་གྱི་སློབ་གྲྭ་སོ་སོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་དང་ཁྱབ་གདལ་དུ་གཏོང་བའི་ཐད་ལ་ནུས་པ་གལ་ཆེན་འདོན་རྒྱུ་དང་། འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་བྱ་བའི་སྡེ་ཁག་གིས་ཧུར་ཐག་སྒོས་སྤྱི་ཚོགས་ཀྱི་ཐོན་ཁུངས་སྣ་ཚོགས་བེད་སྤྱད་དེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བྱ་བར་སྐུལ་འདེད་དང་མི་རིགས་སོ་སོ་བར་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་བྱེད་པར་སྐུལ་སྤེལ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་ཕན་ཚུན་འཕྲོད་མཐུན་ཡོང་བར་སྣེ་ཁྲིད་བྱེད་དགོས།

WechatIMG1260.jpg

རིན་ཆེན་རྣམ་རྒྱལ་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་སྔར་ལས་ལྷག་པར་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་སྟེ་སློབ་གླིང་གི་དོན་དངོས་དང་ཟུང་དུ་འབྲེལ་ནས་དུས་བསྟུན་མདུན་སྐྱོད་དང་། གསར་སྐྲུན་གསར་གཏོད།  བྱེད་ཐབས་ནུས་ལྡན་སྤྱད་དེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་བསླབ་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད། ཁྱོན་ཡོངས་ནས་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏང་ནས། དགེ་རྒན་དང་ལས་སྒྲུབ་མི་སྣ། རྒྱ་ཆེ་བའི་ཆོས་དད་མང་ཚོགས་བཅས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བར་རྒྱུན་འཁྱོངས། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བར་སྲུང་སྐྱོང་བཅས་ཀྱི་ཐད་ལ་བྱས་རྗེས་འཇོག་དགོས།

BH9A5691.jpg

རྒྱུས་ལོན་པ་ལྟར་ན། འཚོགས་ཡུན་ཉིན2ཡིན་པའི་ཐེངས་འདིའི་དཔྱད་གླེང་ཚོགས་འདུའི་སྟེང་། མཁས་དབང་དང་ཆེད་ལས་མཁས་པ་རྣམས་ཀྱིས་ཐེངས་འདིའི་བརྗོད་དོན་གཞིར་བཟུང་ཚན་ཆུང་དགར་ནས་བགྲོ་གླེང་བྱ་རྒྱུ་ལས་གཞན། 《ནང་རིག་རྒྱ་ཡིག་སློབ་དེབ》ཀྱི་བསླབ་གཞི་ལ་དཔྱད་གླེང་ཞིབ་བཤེར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།