“འབྲི་ཆུའི་ལྷོ་རྒྱུད”དེ་ཁྲི་ཀའི་ཤིང་ཏོག་ལ་ལོ་ལེགས་བྱུང་བ།

3.jpg

པར་འདི་ནི་ཞིང་བ་ཞིག་གིས་ཤིང་ཏོག་བཏོག་བཞིན་པའི་ཚུལ་རེད།

སྟོན་ཟླ་དགུ་པར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས་ལོ་ལེགས་བྱུང་བའི་དུས་ཚིགས་བསུས་ཤིང་། ཞིང་བ་ཚོས་ཁམ་བུ་ར་བ་དང་ཆང་བ་ལིའི་ར་བའི་ནང་དུ་དགའ་དགའ་སྤྲོ་སྤྲོ་ངང་ཤིང་ཏོག་སྣ་ཚོགས་བཏོག་པའི་ལས་ལ་བྲེལ་བཞིན་ཡོད། 

ཁྲི་ཀ་རྫོང་ནི་རྨ་ཆུའི་སྟོད་རྒྱུད་དུ་གནས་ཤིང“མཐོ་སྒང་གི་འབྲི་ཆུའི་ལྷོ་རྒྱུད”ཅེས་པའི་མཚན་སྙན་ལྡན་ལ། ད་ལོར་ཁྲི་ཀ་རྫོང་གིས“གནས་བཞི”འཛུགས་སྐྲུན་ཐད་རམ་འདེགས་བྱས་ནས་ཁྲི་ཀའི་ཆང་བ་ལི་དང་ཁམ་བུ། སེའུ་སོགས་ཀྱི་ཁྱད་ལྡན་ཤིང་ཏོག་རིགས་ལ་གཞི་ཁྱོན་ལྡན་པའི་ཕན་འབྲས་ཐོབ་པ་དང་། སྤུས་ལེགས་ཤིང་ཏོག་ཐོན་ལས་རྟེན་གཞི་བཙུགས་པ་རེད། །

4.jpg

པར་འདི་ནི་འབྲས་བུ་ཡོངས་སུ་སྨིན་པའི་ཤིང་ཏོག་ཁམ་བུ་རེད། 

5.jpg

པར་འདི་ནི་ཞིང་བ་ཀྲའུ་ལིན་ཁྲན་ཁམ་བུ་ར་བ་ནང་དུ་ཡོད་པའི་ཚུལ་རེད།

6.jpg

པར་འདི་ནི་ཀྲའུ་ལིན་ཁྲན་གྱིས་ཤིང་ཏོག་ཁམ་བུ་བཏོག་བཞིན་པའི་ཚུལ་རེད།

7.jpg

པར་འདི་ནི་ཀྲའུ་ལིན་ཁྲན་བཟའ་ཟླ་གཉིས་རེད།

8.jpg

པར་འདི་ནི་ཞིང་བ་དབྱང་ལིན་ཁྲོན་གྱིས་ཆང་བ་ལི་བཏོག་བཞིན་པའི་ཚུལ་རེད།

9.jpg

པར་འདི་ནི་དབྱང་ལིན་ཁྲོན་གྱི་ཤིང་ཏོག་ར་བའི་ནང་གི་ཀུ་ཤུ་རེད།

3.jpg

པར་འདི་ནི་ཀྲུང་གོ་ཞིང་བའི་ལོ་ལེགས་དུས་ཆེན་ལ་ཁྲི་ཀ་རྫོང་གིས་བྱ་འགུལ་སྤེལ་བཞིན་པའི་ཚུལ་རེད། 

4.jpg

པར་འདི་ནི་ཁྲི་ཀའི་ཤིང་ཏོག་སྣ་ཚོགས་རེད།

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།