ཀྲུང་དབྱང་གི་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་བཅོ་ལྔ་པས་མགོ་ལོག་ཏུ་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས24ནས་ཚེས26ཉིན་བར། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གྱི་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་བཅོ་ལྔ་པས་ཙུའུ་ཀྲང་གཞོན་པ་མཱ་ཀྲིན་ཆིའི་སྣེ་ཁྲིད་འོག   མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ཕྱིན་ནས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤེལ།

ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་གིས་མགོ་ལོག་ཁུལ་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ལས་དོན་གྱི་སྙན་ཞུ་ལ་ཉན་པ་དང་བཞུགས་མོལ་གྲོས་ཚོགས་འཚོགས་ནས། གཞི་རིམ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། གྲོང་གསེབ་ལས་བྱེད་པ། ཁྲིམས་རྩོད་པ། སློབ་གྲྭའི་སློབ་གཙོ། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་བཅས་དང་། དེ་མིན་ཁེ་ལས་དང་། ཁོར་ཡུག་སྲུང་སྐྱོང་ལས་བཟོ་པ། འབྲོག་པའི་འཐུས་མི་སོགས་ཀྱི་སྲིད་ཁྲིམས་སློབ་གསོ་དག་ཐེར་ལས་དོན་གྱི་མྱོང་ཚོར་དངོས་ལ་ཉན་པ་དང་། དར་ལག་རྫོང་སྨིན་ཐང་མངག་གཏོང་ཁང་། རྨ་ཆེན་རྫོང་ཁྲིམས་ཁང་བཅས་སུ་ཕྱིན་ནས་གཞི་རིམ་གྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་ལས་བྱེད་པ་དང་མང་ཚོགས་དང་ཉམས་མྱོང་བརྗེ་རེས་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་གི་འབུར་ཐོན་གནད་དོན་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོ་། དེ་བཞིན་གཞི་རིམ་གྱི་དཀའ་ངལ་དང་གནད་དོན་ལ་ཤེས་རྟོགས་བྱས།

མཱ་ཀྲིན་ཆིས་མགོ་ལོག་ཁུལ་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་བྱེད་ཐབས་སྣ་མང་མཉམ་སྤྱོད་དང་ལམ་ལུགས་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས་ལམ་ལུགས་ལ་བརྟེན་ནས་སྐོར་དང་པོའི་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་མཐའ་འཁྱོངས་དང་། ཆབ་སྲིད་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་པ། “འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས། འགན་འཁྲི་གཙང་སྒྲུབ་ལ་ནན་ཏན་བྱེད་པ་དང་འགན་འཁྲི་གཙོ་བོ་དང་ལས་འགན་གཙོ་བོར་དམིགས་ཏེ་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་དེ་སྲིད་ཁྲིམས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཇེ་ལེགས་སུ་གཏོང་བའི་སྟེང་མངོན་པར་བྱེད་དགོས། མི་དམངས་ལ་ནན་ཏན་གྱིས་ཞབས་འདེགས་ཡག་པོ་ཞུས་ནས“ངས་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཏེ་མང་ཚོགས་ཀྱི“བྲེལ་མྱུར་ཆེ་ལ་སེམས་ཁྲལ་ཆེ་བ་དང་། དཀའ་ཁག་ལྡན་པ། རེ་སྒུག་ཆེ་བ”བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས། སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་བསྣན་ནས་སྣང་བརྙན་བཟང་པོ་བཏོད་དེ་སྲིད་བརྩོན་དང་། དངོས་སྒྲུབ། སྤྱོད་གཙང་། ནུས་ལྡན་བཅས་ཀྱི་སྲིད་ཁྲིམས་ལས་ཁུངས་འཛུགས་སྐྲུན་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་སྲིད་ཁྲིམས་དཔུང་ཁག་ཅིག་འཛུགས་དགོས་པར་ནན་གྱིས་བསྟན།

ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་དང་བཅས་པ་པད་མ་རྫོང་དམར་དམག་ལུང་བའི་དྲན་གསོ་ཁང་དུ་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་ལེན་བྱས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་ལ་རྗེས་དྲན་ཞུས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།