“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་མཚོ་སྔོན་གྱི་ལས་རིགས་སློབ་གླིང་གིས་ནུས་རྩལ་མཐོ་བའི་ཤེས་ལྡན་མི་སྣ་ཁྲི15ཙམ་ཕྱིར་གཏོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་གསལ་བྱུང་བ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོ་དང་རིགས་སོ་སོའི་ལས་རིགས་སློབ་གྲྭས་སྒྲིག་ཆས་བཟོ་སྐྲུན་དང་། སྐྱེ་དངོས་སྨན་བཟོ། ནུས་རྒྱུ་གསར་པའི་རྒྱུ་ཆ་གསར་པ་སོགས་ལེགས་ཆའི་ཐོན་ལས་ལ་ཁ་ཕྱོགས་ནས་འོད་ཤུགས་གློག་གཏོང་དང་ཁོར་ཡུག་སྲུང་སྐྱོང་འདུ་འགོད་སོགས་ཆེད་ལས20ལྷག་ཙམ་གསར་སྣོན་བྱས་པ་དང་། གྲངས་གཞི་ཆེ་མོའི་ལག་རྩལ་དང་བཀོལ་སྤྱོད། ནུས་རྒྱུ་གསར་པ། བདེ་ཐང་རྒན་གསོ་སོགས་ཆེད་ལས60ཡི་འཕེལ་རྒྱས་ལ་ཤུགས་ཆེན་བཏང་སྟེ། དུས་ཐོག་ཏུ་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་སྤུས་ཚད་མི་མཐོ་བའི་ཞིང་ལས་འཕྲུལ་ཆས་བཀོད་སྤྱོད། ཞིག་གསོ་སོགས་ཆེད་ལས45བསྡུ་མཚམས་བཞག་པ་དང་།  མཚོ་སྔོན་ཞིང་ཆེན་གྱི མཐོ་རིམ་དང་འབྲིང་རིམ་ལས་རིགས་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མའི་ལས་ཞུགས་བྱས་ཚད95%དང90%ཡན་ལ་ཟིན་ཡོད། 

མིག་སྔར། ཞིང་ཆེན་ཡོངས་ནས་རྒྱལ་ཁབ་རིམ་པའི་འབྲིང་རིམ་དང་མཐོ་རིམ་ལས་རིགས་སྒྱུར་བཅོས་འཕེལ་རྒྱས་དཔེ་སྟོན་སློབ་གྲྭ13བཙུགས་པ་དང་། སློབ་གླིང་དང་སློབ་གྲྭ9རྒྱལ་ཁབ་རིམ་པའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་སྡེ་ཁག་ཏུ་བདམས་ཤིང་། ལས་རིགས་སློབ་གསོའི་སྡེ་ཚོགས2རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་ལས་རིགས་སློབ་གསོའི་སྡེ་ཚོགས་གསོ་སྐྱོང་སྡེ་ཁག་ཏུ་བདམས་པ་རེད། 2019ལོར་མཚོ་སྔོན་ཞིང་ཆེན་གྱིས་ལས་རིགས་སློབ་གསོའི་སྒྱུར་བཅོས་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་ཐོབ་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ།

ལས་རིགས་སློབ་གླིང་གིས་ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོར་ལག་རྩལ་མཐོ་བའི་རྩལ་ནུས་ཤེས་ལྡན་མི་སྣ་ཁྲི15གསོ་སྦྱོང་བྱས་པ་དང་། རོང་འབྲོག་ས་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གསོ་སྦྱོང་དང་རོང་འབྲོག་པའི་ཉེར་སྤྱོད་ལག་རྩལ་སོགས་རིགས་སོ་སོའི་གསོ་སྦྱོང་མི་ཐེངས་ཁྲི14ལྷག་ཙམ་བྱས་པ་མ་ཟད། ལས་རིགས་སློབ་གསོའི“ཕུགས་འདུན་མངོན་འགྱུར་གྱི་བྱ་འགུལ་འཆར་གཞི”ལག་བསྟར་བྱས་པ་དང་། ཡིག་ཚགས་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་བུ་བུ་མོ་ཁྲི1ལྷག་ཙམ་སློབ་གྲྭར་སྐྱེལ་བ་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་པ་བཅས་ལས་རིགས་སློབ་གསོས་དབུལ་ཐར་འགག་སྒྲོལ་དང་ཐོན་ལས་དར་སྤེལ། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་ཡོད། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།