ཟི་ལིང་གི་བྱིས་གཉོར་ཁང་ཞིག་གིས་སྒྲིག་འགལ་ངང་གྲོན་དངུལ་བསྡུ་བར་ཞིབ་བཤེར་བྱས་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་སློབ་གསོའི་གྲོན་དངུལ་གང་འདོད་དུ་ལེན་པའི་བྱ་སྤྱོད་བཅོས་སྐྱོང་བྱས་པ་དང་། ཅུའུ་དེའི་ཡན་ལག་ཅུའུ་ཡིས་སློབ་གསོའི་གྲོན་དངུལ་བསྡུ་བར་ཞིབ་བཤེར་མཛུབ་སྟོན་བྱས་ཤིང་། བྱིས་གཉོར་ཁང་ཞིག་གིས་སྒྲིག་འགལ་ངང་གྲོན་དངུལ་ལེན་པའི་བྱ་སྤྱོད་ཅིག་རྩད་ཆོད།

     ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་སྐྱེ་དངོས་གླིང་ཁུལ་གྱི་ཆེད་ལས་འབྲིང་རིམ་ཆེད་ལས་ལག་རྩལ་སློབ་གྲྭ་གཅིག་དང་། སློབ་ཆུང་གཅིག  བྱིས་གཉོར་ཁང་གཅིག་བཅས་ལ་ཞིབ་བཤེར་བྱས་ཤིང་། རྒྱུ་ཆར་བལྟ་བ་དང་། རྩིས་ཐོར་ཞིབ་ཀློག་བྱེད་པ། པ་སེར་ཞིབ་བསྡུར། ཆེད་དོན་བཞུགས་མོལ་ཚོགས་འདུ་སོགས་ཀྱི་རྣམ་པས། ཁྱོན་ཡོངས་ནས་སློབ་གྲྭའི་གྲོན་དངུལ་ལེན་པའི་གནས་ཚུལ་ལ་རྒྱུས་ལོན་བྱས། སློབ་གྲྭས་རིན་གོང་གསལ་བོ་བྱེད་པ་དང་། རིན་གོང་གཏན་འཁེལ་གྱི་གྲོན་དངུལ་ལས་གཞན་པའི་འགྲོ་གྲོན་ཅི་ཡང་བླངས་མི་ཆོག་ཅིང་། ཚབ་བསྡུ་བྱས་པའི་གྲོན་དངུལ་དང་ཞབས་ཞུ་རང་བཞིན་གྱི་གྲོན་དངུལ་བླངས་མི་ཆོག་ལ།རང་མོས་དང་ཚོང་གཉེར་མ་ཡིན་པའི་རྩ་དོན་དོན་འཁྱོལ་གཟབ་ནན་སྒོས། བཙན་གྱི་གྲོན་དངུལ་ལེན་པའམ་ཡང་ན་ཁེ་ཕོགས་བླངས་མི་ཆོག་པ་དང་། སྒེར་གྱི་རྣམ་གྲངས་གྲོན་དངུལ་ལེན་པ་དང་། རྣམ་གྲངས་དབྱེ་འབྱེད་ཀྱི་གྲོན་དངུལ་ལེན་པ། གྲོན་དངུལ་བསྐྱར་བསྡུ། གྲོན་བསྡུ་ཁྱབ་ཁོངས་རྒྱ་བསྐྱེད། ཚད་གཞི་མཐོ་རུ་བཏང་ནས་གྲོན་དངུལ་ལེན་པ་སོགས་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་གཏན་འགོག་བྱེད་པའི་བླང་བྱ་བཏོན།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།