རྒྱལ་ཡོངས་སུ་ཉིན7རིང་རིན་མེད་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས26ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ཤིང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་བསྟན་དོན།སླེབས་ལ་ཉེ་བའི་རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ། རྒྱལ་ཡོངས་ཀྱི་གཞུང་ལམ་གྲོན་དངུལ་དེ་མུ་མཐུད་དུ་འདུག་སྟེགས7ཅན་དང་། དེའི་མན་གྱི་རླངས་འཁོར་ཆུང་གྲས་རིགས་ལ་གྲོན་དངུལ་ལེན་རྒྱུ་མིན། བྱེ་བྲག་གི་དུས་ཚོད་ཟླ10བའི་ཚེས1ཉིན་གྱི་དུས་ཚོད1དང་སྐར་མ0ནས་བཟུང་མགོ་རྩོམ་པ་དང་། ཟླ10བའི་ཚེས7ཉིན་གྱི་དུས་ཚོད24ནས་མཇུག་སྒྲིལ་རྒྱུ་རེད།

   འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་སྔོན་དཔག་བྱས་པ་ལྟར་ན། རྒྱལ་སྟོན་གུང་གསེང་སྐབས་སུ་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཉིན་རེའི་འཁོར་རྒྱུགས་ཚད་རླངས་འཁོར་ཁྲི4800ཡས་མས་ལ་སླེབས་པ་དང་། དེ་ཟླ8པའི་རིང་ལ་ཉིན་རེའི་ཆ་སྙོམས་ཀྱི་རླངས་འཁོར་ཁྲི3074ཡིན་ཞིང་། འཕར་ཚད་བརྒྱ་ཆའི46ཡས་མས་ལ་སླེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།