མཚོ་སྔོན་ཞིང་ཆེན་གྱིས་སྐབས24པའི་རྒྱལ་ཡོངས་སྤྱི་སྐད་ཁྱབ་གདལ་དྲིལ་སྒྲོག་གཟའ་འཁོར་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་རྩ་འཛུགས་བྱས་ནས་སྤེལ་བའི་སྐབས24པའི་རྒྱལ་ཡོངས་སྤྱི་སྐད་ཁྱབ་གདལ་དྲིལ་སྒྲོག་གཟའ་འཁོར་དང“ལོ་བརྒྱའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུད་འཛིན”ཅེས་པ་བརྗོད་དོན་ཡིན་པའི་བྱ་འགུལ་དེ་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་མགོ་བརྩམས། མཚོ་སྔོན་དགེ་ཐོན་སློབ་ཆེན་དེ་སྐོར་རིམ་གཉིས་པའི་རྒྱལ་ཁབ་སྐད་ཡིག་ཁྱབ་གདལ་རྟེན་གཞི་ཡིན་པའི་ཆ་ནས་འབྲེལ་ཡོད་བྱ་བ་ཧུར་ཐག་གིས་སྤེལ་བཞིན་ཡོད།

ཐེངས་འདིའི་བྱ་འགུལ་གྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་རྒྱལ་ཁབ་སྐད་ཡིག་ཁྱབ་གདལ་རྟེན་གཞི་གཞི་རྟེན་དུ་བྱས་ནས། རྒྱལ་ཁབ་སྐད་ཡིག་ཁྱབ་གདལ་རྟེན་གཞིའི་དཔེ་སྟོན་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་བྱས་ཏེ། “ལོ་བརྒྱའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུད་འཛིན”ཅེས་པ་བརྗོད་དོན་ཡིན་པའི་བྱ་འགུལ་དང་། “ནམ་ཡང་ཏང་གི་རྗེས་སུ་འབྲངས”ཅེས་པའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་དང་།རིམ་པ་སོ་སོའི་ཏང་གི་ལོ་རྒྱུས་སློབ་གསོ་དང་བསམ་བློ་ཆབ་སྲིད་སློབ་གསོའི་བརྗོད་དོན་བྱ་འགུལ་སོགས་དང་ཟུང་འབྲེལ་སྒོས། ཞིང་སྡེ་རུ་གསར་བརྗེའི་གཏམ་བརྗོད་ཟློས་གར་བསྐོར་བསྐྱོད་འཁྲབ་སྟོན་དང་། རིག་གནས་གཞི་རིམ་དུ་བསྐྱོད་པ། རོང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་དུ“ཁ་གཏད་རོགས་སྐྱོར་འཛུགས་པ”། སྐབས་གསུམ་པའི་ཀྲུང་ཧྭའི་གྱེར་འབྲི་འགྲན་བསྡུར་གྱི་མཚོ་སྔོན་འགྲན་ཁུལ་གྱི་ཐོག་མའི་འགྲན་བསྡུར་སོགས་ཀྱི་རྣམ་པས་སྐད་ཡིག་རིག་གནས་བྱ་འགུལ་སྤེལ།

རོང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་དུ“ཁ་གཏད་རོགས་སྐྱོར་འཛུགས་པའི”བྱ་འགུལ་གྱིས་མཚོ་སྔོན་གྱི་རོང་འབྲོག་ཁུལ་གྱི་སློབ་གྲྭ8དང“ཁ་གཏད་རོགས་སྐྱོར”བཙུགས་ཤིང་། གསར་བརྗེའི་སྙན་ཚིག་ཆེད་ཁྲིད་དང་གསར་བརྗེའི་ཕུལ་བྱུང་བརྩམས་ཆོས་ཀྱི་བརྗོད་དོན་སྒྲོག་བཤད། དེ་མིན་གསར་བརྗེའི་རིག་གནས་དྲིལ་སྒྲོག་སོགས་ཀྱི་བྱ་འགུལ་སྤེལ་ནས། དགེ་རྒན་གྱི་ཐོན་ཁུངས་ལེགས་པོ་དང་རིག་གནས་བརྩམས་ཆོས། སྤྱི་སྐད་དང་སློབ་སྦྱོང་ཐོན་ཁུངས་སོགས་གཞི་རིམ་སློབ་གྲྭར་སྐྱེལ་ཏེ། གཞི་རིམ་སློབ་གྲྭ་འབྲིང་ཆུང་གི་རྒྱལ་ཁབ་སྤྱི་སྐད་སློབ་གསོའི་སློབ་ཁྲིད་ཆུ་ཚད་མཐོར་འདེགས་སུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་རེད།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།