ཞིང་ཆེན་ཡོངས་ཀྱི་ཤང་གྲོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྩ་འཛུགས་ཨུ་ཡོན་གྱི་ཞིང་ཆེན་རིམ་པའི་ཡོངས་ཁྱབ་གསོ་སྦྱོང་འཛིན་གྲྭའི་སློབ་མགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས་གཙོ་གཉེར་བྱས་ཤིང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་འགན་གཉེར་བྱས་པའི་ཞིང་ཆེན་ཡོངས་ཀྱི་ཤང་གྲོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྩ་འཛུགས་ཨུ་ཡོན་གྱི་ཞིང་ཆེན་རིམ་པའི་ཡོངས་ཁྱབ་གསོ་སྦྱོང་འཛིན་གྲྭ(དུས་ཐེངས་དང་པོ)སློབ་མགོ་ཚུགས་པ་དང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ཡོང་བའི་ཤང་གྲོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ92གསོ་སྦྱོང་ལ་ཞུགས། 

དུས་ཡུན་ཉིན་ལྔའི་གསོ་སྦྱོང་ཁྲོད། སློབ་མ་ཡོངས་ཀྱིས་མ་ལག་ལྡན་པའི་ངང་ཏང་གི་གསར་གཏོད་རིག་གཞུང་དང་དུས་བབ་སྲིད་ཇུས་ཀྱི་སློབ་གསོ་དང་། ཏང་གི་ལོ་རྒྱུས་དང་ཏང་གཤིས་སློབ་གསོ། ལས་བྱེད་པའི་བྱང་ཚད་དང་ནུས་པ་བཅས་དཔེ་གཞི3གྱི་གསོ་སྦྱོང་དང་ལེན་བྱ་རྒྱུ་རེད། སློབ་མ་རྩ་འཛུགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་དང་། མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱ་རྒྱུདང་། ཆེད་མཁས་པ་གདན་དྲངས་ནས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལ་འགྲེལ་བཤད་གཏིང་ཟབ་བྱེད་པ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་དང་། ཤང་གྲོང་ཁྱད་ལྡན་ཐོན་ལས་ཀྱི་རྣམ་པ་གསར་བ་བཏོད་པ། ཀ་པུའུ་ལུང་གི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ། “འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་པ། སྤྱི་པའི་ཞབས་ཞུའི་འདུ་ཤེས་དང་ནུས་པ་འཛུགས་སྐྱོང་བཅས་གཙོ་གནད་དུ་བཟུང་སྟེ་སློབ་སྦྱོང་དང་བགྲོ་གླེང་བྱ་རྒྱུ་རེད། གསོ་སྦྱོང་ནང་ཆེད་དོན་སློབ་ཁྲིད་དང་། མགོ་ཁྲིད་པའི་སློབ་ཁང་། ཡུལ་དངོས་སློབ་ཁྲིད། བརྙན་ལམ་སློབ་ཁྲིད། ཏང་གི་སློབ་ཚན་ཐུང་ངུ་། བསམ་བློ་བརྗེ་རེས་དང་བགྲོ་གླེང་བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་དེ། སློབ་མས་རང་བརྟེན་སློབ་སྦྱོང་དང་། བསམ་གཞིགས། བསམ་བློ་བརྗེ་རེས་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ནས། སློབ་མ་ཚོར་བསླབ་ནས་གོ་རྟོགས་འབྱུང་བ་དང་། སྦྱངས་འབྲས་ཐོན་པ། ཕན་ནུས་ཐོན་པ་བཅས་ཡོང་བར་བྱ་རྒྱུ་རེད།

ད་ལོ་ནི་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་སྐབས་བརྗེའི་ལས་དོན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བའི་དུས་འདིར། ཞིང་ཆེན་རིམ་པས་ཞིང་ཆེན་ཡོངས་ཀྱི་ཤང་གྲོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྩ་འཛུགས་ཨུ་ཡོན་ཡོངས་ལ་ཁྱབ་པའི་གསོ་སྦྱོང་བྱེད་མགོ་བཙུགས་པ་ནི།  དུས་རབས་གསར་པའི་གཞི་རིམ་ལས་བྱེད་པའི་བརྗོད་དོན་གཙོ་བོའི་གསོ་སྦྱོང་འཆར་གཞི་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཤེས་གསལ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ཤང་གྲོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྩ་འཛུགས་ཨུ་ཡོན་གྱི་ཞིང་ཆེན་རིམ་པའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས8ལ་གཉེར་ནས། གསར་དུ་བདམས་པའི་ཤང་གྲོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྩ་འཛུགས་ཨུ་ཡོན་གྱི་གསོ་སྦྱོང་ཁྱོན་ཡོངས་ལ་ཁྱབ་པར་བྱ་རྒྱུ་རེད། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།