མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྲོས་ཚོགས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྲོས་ཚོགས་ཐེངས81པ་ཟི་ལིང་དུ་འཚོགས་ཤིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་མཱ་ཝུའེ་ཡིས་གྲོས་ཚོགས་ལ་མགོ་འཛིན་གནང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་ཉི་མ་སྒྲོལ་མ། ཀྲུའུ་རེན་གཞོན་པ་ཝུའུ་ཧའེ་ཁུན་དང་ལིའུ་ཐུང་ཏི། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་བཅས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བདུན་པའི་མི་དོན་བྱ་བའི་ཐད་ཀྱི་གསལ་བཤད་ལ་ཉན། གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་སྲོལ་ཡིག(འཆར་ཟིན)དང་། མཚོ་སྔོན་ཞིང་ཆེན་གྱི་མེ་ཟོན་སྲོལ་ཡིག(བཟོ་བཅོས་འཆར་ཟིན) །མཚོ་སྔོན་ཞིང་ཆེན་གྱི་འཁོར་རྒྱུག་དཔལ་འབྱོར་གྱི་སྐུལ་འདེད་སྲོལ་ཡིག(འཆར་ཟིན)། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག(འཆར་ཟིན)བཅས་ལ་གྲོས་ཞིབ་བྱས་ཚུལ་དང་། དེ་བཞིན་ལོ་ལྔའི་ཐེངས་བརྒྱད་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་བའི་སྐོར་གྱི་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད(འཆར་ཟིན) དང་མཚོ་སྔོན་ཞིང་ཆེན་གྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་སྲོལ་ཡིག(འཆར་ཟིན)གི་སྙན་ཞུ་བཅས་ལ་ཉན། གྲོས་ཚོགས་སྟེང་ཟི་ལིང་གྲོང་ཁྱེར་གྱི་རྒྱལ་གཅེས་འཕྲོད་བསྟེན་དོ་དམ་སྲོལ་ཡིག(བཟོ་བཅོས་བརྒྱབ་པ)དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག(བཟོ་བཅོས) མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་རང་སྐྱོང་སྲོལ་ཡིག(བཟོ་བཅོས) ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ལག་བསྟར་བྱས་པའི་གཉེན་སྒྲིག་ལོ་ཚད་བབ་བསྟུན་གཏན་འབེབས་ཀྱི་ཞིབ་བཤེར་གནས་ཚུལ་གྱི་སྙན་ཞུ་བཅས་ལ་ཉན། གྲོས་ཚོགས་སྟེང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱུགས་ལས་བཅའ་ཁྲིམས》ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲ་གཟུགས་དངོས་ཟོག་གིས་ཁོར་ཡུག་ལ་སྦགས་བཙོག་བྱེད་པར་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་ལ་ཉན། 2021ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམས་སྤེལ་བྱས་པ་དང་འབྲེལ་གཏོང་ཡོང་སྔོན་རྩིས་ཀྱི་སྙན་ཞུ་ལེགས་སྒྲིག་འོས་འཚམ་བྱས་པར་ཞིབ་བཤེར་བྱས་པའི་སྐོར་གྱི་གནས་ཚུལ། སྤྱི་དབང་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ་དང་། དེ་བཞིན་ཆེད་དོན་འདྲི་རྩད་ཀྱི་འབྲེལ་ཡོད་ལས་དོན་གནས་ཚུལ། མཚོ་སྔོན་ཞིང་ཆེན་གྱི“བདུན་ལྔའི”ཁྲིམས་ལུགས་ཁྱབ་གདལ་གྲོས་ཆོད་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་བརྟག་ཞིབ་སྙན་ཞུ།  ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འཐུས་མིའི་གྲོས་གཞི་སྒྲུབ་ཚུལ་དང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སློབ་གསོ་ཚན་རྩལ་ཨུ་ལྷན་དང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་ཞིང་འབྲོག་ཨུ་ལྷན་བཅས་ཀྱི་གཙོ་གནད་ལྟ་སྐུལ་སྒྲུབ་གཉེར་བྱས་པའི་འཐུས་མིའི་གྲོས་གཞི་སྐོར་གྱི་གནས་ཚུལ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་དང་། མི་དོན་བསྐོ་འཐེན་གྱི་གྲོས་གཞི་ལ་སོགས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན། ཀྲུའུ་རེན་གྲོས་ཚོགས་ཀྱིས་གོང་གསལ་སྙན་ཞུ་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བདུན་པའི་ཐོག་གྲོས་ཞིབ་བྱེད་པར་འབུལ་བར་མོས་མཐུན་བྱུང་།

གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཀྱི་སྲོལ་ཡིག(འཆར་ཟིན)བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་ཞུ་ལ་གསན་པ་དང་། ཞིང་ཆེན་ཏང་ཨུས་ཞིབ་བཤེར་གཏན་འབེབས་བྱས་རྗེས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་འབུལ་བར་གཏན་འབེབས་བྱས་པ་དང་། གྲོས་ཚོགས་སྟེང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བདུན་པའི་ཉིན་རེའི་གྲོས་རིམ(འཆར་ཟིན)ལ་གྲོས་བསྡུར་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།