མཚོ་སྔོན་གྱི་ཁ་ལོ་བས་ཉིན་བཅུ་རིང་ལ་མཉམ་འཇོག་བྱ་དགོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་མཆོད་དུས་ཆེན་ཐོན་ལ་ཉེ་སྐབས། གྲོགས་པ་གཉེན་ཉེ་ཐུག་པ་དང་། གསོལ་སྟོན་བཤམས་པ། ཆང་འཐུང་བ་སོགས་ཀྱི་བྱེད་སྒོ་ཇེ་མང་དུ་འགྲོ་བ་དང་། ཆང་འཐུང་ནས་རླངས་འཁོར་སྐོར་བ་བཅས་ཁྲིམས་འགལ་ཉེས་གསོག་སོགས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁ་ཇེ་མང་དུ་འགྲོ་བཞིན་ཡོད་པས། དུས་ཆེན་གྱི་སྐབས་སུ་མང་ཚོགས་ཀྱི་ཕྱིར་སྐྱོད་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཉེ་ལམ་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་རྒྱལ་ཡོངས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་ལ་ཆང་འཐུང་ནས་རླངས་་འཁོར་སྐོར་བར་གཅིག་གྱུར་ངང་བཅོས་སྒྲིག་བྱ་འགུལ་སྤེལ།

ཟླ9པའི་ཚེས13ཉིན་ནས་བཟུང་རྒྱལ་ཡོངས་འགྲིམ་འགྲུལ་ཉེན་རྟོག་པས་དུས་ཡུན་ཉིན10ཡི་རིང་ཆང་འཐུང་ནས་རླངས་་འཁོར་སྐོར་བའི་ཁྲིམས་འཛིན་ཐད་གཏོང་མཉམ་འགུལ་དང་། ཕྱོགས་གཅིག་ནས་ཁྲིམས་ལག་བསྟར་དང་ཕྱོགས་གཅིག་ནས་དྲིལ་བསྒྲགས་བྱས་ཏེ། རང་འགུལ་སྒོས་ཆང་འཐུང་ནས་རླངས་འཁོར་སྐོར་བ་འགོག་པར་ཚད་གཞི་མཐོན་པོས་དྲན་སྐུལ་བྱས་ནས་བདེ་འཇགས་ཀྱི་ཉེན་ཁ་མེད་པར་གཏང་རྒྱུ་རེད། 

“བདེ་འཇགས་ལྡན་ན་བདེ་སྐྱིད་ལྷན་འཛོམས་ཡོད”ཅེས་པ་ནང་བཞིན་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་རྒྱ་ཆེའི་འགྲིམ་འགྲུལ་ཁ་ལོ་བར་ཆད་པ་གཅོད་རྒྱུ་ནི་དམིགས་ཡུལ་མིན་པ་དང་། ཆང་འཐུང་རྗེས་རླངས་འཁོར་སྐོར་བར་གཏན་འགོག་བྱེད་པ་ནི་རྩ་བ་ཡིན། གྲོགས་པོ་དང་གཉེན་ཉེ་ཚོས་རང་རྟོགས་སྒོས་ཁ་ལོ་བར་ཆང་འཐུང་རྗེས་རླངས་འཁོར་མི་སྐོར་བར་ཁ་བརྡ་སློབ་གསོ་གཏོང་བ་དང་། ཁྲིམས་སྲུང་ཕྱིར་བསྐྱོད་རྒྱུན་འཁྱོངས་བྱས་ཏེ། མཉམ་གཅིག་ཏུ་བདེ་འཇགས་འཆམ་མཐུན་གྱི་འགྲིམ་འགྲུལ་ཁོར་ཡུག་གསར་སྐྲུན་བྱེད་དགོས་པར་སྐུལ་མ་གཏང་དགོས།།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།