མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁྱབ་ཁོངས་ཀྱི་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་སྐུལ་འདེད་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁྱབ་ཁོངས་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་སྐུལ་འདེད་ཚོགས་འདུ་ཟི་ལིང་དུ་བསྡུས། གྲོས་ཚོགས་ཀྱིས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་སྲིད་ཁྲིམས་ཁྱབ་ཁོངས་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་སྐུལ་འདེད་ཚོགས་འདུ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས151པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བཀོད་སྒྲིག་བྱས། ཞིང་ཆེན་གྱི་མགོ་ཁྲིད་ཡན་པའེ་ཡིས་གཏམ་བཤད་པ་དང་ལི་ཧུང་ཡ་ཡིས་མགོ་འཛིན་བྱས། ཀྲང་ཙའེ་ཅོན་ཚོགས་འདུར་ཞུགས།

གྲོས་ཚོགས་ལས་བསྟན་དོན། དོན་དངོས་དང་མཐུན་པའི་ཁྲིམས་ལུགས་ལག་བསྟར་སྲིད་ཁྲིམས་འགན་འཁྲི་མ་ལག་བཅོས་བསྒྱུར་དང་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་། འགན་འཁྲི་གསལ་འབྱེད་དང་གཏན་འཁེལ་བྱེད་པ། འགན་འཁྲི་རྩད་འདྲི་དང་བདའ་འདེད་རྒྱུན་འཁྱོངས་བྱེད་པ་དེ་ཤུགས་རྒྱག་སར་བྱས་ནས། འགན་འཁྲི་ཕྲག་ཏུ་ལེན་པ་དང་བློ་དཀར་འགན་སྒྲུབ་དེ་གཞི་འབབ་ས་བྱས་ཏེ། འགན་དབང་གཞི་གཅིག་ཡིན་པའི་ཁྲིམས་ལུགས་ལག་བསྟར་ཁྲིམས་འཛིན་འགན་འཁྲི་གསར་སྐྲུན་བྱས་ཏེ། དབང་ཆ་ཡོད་ན་འགན་འཁྲི་ངེས་པར་དུ་ཡོད་པ་དང་། དབང་ཆ་སྤྱོད་ན་འགན་འཁྲི་ངེས་པར་འཁུར་དགོས་པ།འགན་ནུས་ཤོར་བར་འགན་འཁྲི་བདའ་འདེད་བྱེད་པ། དབང་ཆ་གང་འདོད་དུ་སྤྱད་ན་ངེེས་པར་རྩད་འདྲི་བྱེད་པའི་སྒྲིག་སྲོལ་གྲུབ་པར་སྐུལ་འདེད་བཏང་ནས། སྟོབས་ཤུགས་ཡོད་རྒུས་ཁྲིམས་ལུགས་ལག་བསྟར་གྱི་ཁྲིམས་འཛིན་སྤུས་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན། 

གྲོས་ཚོགས་ལས། བཅོས་བསྒྱུར་གྱི་བསམ་བློ་བེད་སྤྱད་དེ་སྲིད་ཁྲིམས་དཔུང་ཁག་སློབ་གསོའི་དག་ཐེར་ཁྲོད་ཀྱི་གནད་དོན་དང་མི་འདང་ས་བཅོས་སྒྲིག་བྱེད་པ་དང་། བཅོས་བསྒྱུར་གྱིས་སྲིད་ཁྲིམས་དཔུང་ཁག་སློབ་གསོའི་དག་ཐེར་ཁྲོད་ཀྱི་སྣེ་ཁྲིད་བྱེད་ནུས་དང་མཁྲེགས་གཏོར་བྱེད་ནུས། མཐུན་སྦྱོར་བྱེད་ནུས་འདོན་སྤེལ་བྱས་ཏེ། མི་འདང་ས་ཁ་གསབ་ལ་དམིགས་ནས། སྒྲིག་སྲོལ་སྒྲིག་འཛུགས་དམ་འཛིན་བྱས་ཏེ། སྲིད་ཁྲིམས་དཔུང་ཁག་སློབ་གསོའི་དག་ཐེར་ཁྲོད་རྙེད་པའི་མ་ལག་རང་བཞིན་དང་ཡོངས་ཁྱབ་རང་བཞིན་གྱི་གནད་དོན་ཐག་གཅོད་བྱས་ནས། སྲིད་ཁྲིམས་ལས་དོན་དང་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྲུན་ཁྲོད་ཀྱི་ཡུན་རིང་འཕེལ་རྒྱས་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་ལ་ཐོད་བརྒལ་མངོན་འགྱུར་བྱུང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།