མཚོ་སྔོན་དང་སི་ཁྲོན་བར་གྱི་ས་མཚམས་འབྱེད་རྟགས་ཀྱི་ལྕགས་ཕུར་ལོ20རིང་ཐོག་དང་པོར་བརྗེས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས10ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན་སྲིད་འཛིན་ས་ཁོངས་ཀྱི་ས་མཚམས་འབྱེད་རྟགས་བརྗེས་པའི་བྱ་བ་ཉེ་ཆར་ལེགས་འགྲུབ་བྱས་ཤིང་། འདི་ནི་མཚོ་སྔོན་དང་སི་ཁྲོན་ལམ་ཐིག་གི2001ལོའི་ལམ་ཐིག་ཡོངས་ཀྱི་རྟགས་ཚད་ས་འོག་ཏུ་སྦས་པའི་ཚུན་ཆེས་ཐོག་མར་བརྗེས་པ་དང་། ས་འོག་ཏུ་སྦས་པའི་དུས་ཡུན་རིང་ཞིང་བྱེ་རླུང་གིས་བསླད་སྐྱོན་ཐེབས་པའི་ཤུགས་རྐྱེན་སོགས་རྒྱུ་རྐྱེན་གྱིས་ཆགས་སྐྱོན་ཤོར་བ་དང་། ཐ་ན་མེད་བརླག་ཏུ་སོང་སྟེ། འབྱེད་རྟགས་སྤོར་བའི་ལྕགས་ཕུར་དག་གསར་དུ་བརྗེས་པ་དང་། ས་རྟགས་ཀྱི་དབང་གྲགས་རང་བཞིན་དང་། གཟབ་ནན་རང་བཞིན། ཁྲིམས་བཅད་རང་བཞིན་ལ་སྲུང་སྐྱོང་བྱས་ཏེ། ས་མཚམས་འབྱེད་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་། 

མཚོ་སྔོན་དང་སི་ཁྲོན་གྱི་ལམ་ཐིག་དེ་མཚོ་སྔོན་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན། བོད་རང་སྐྱོང་ལྗོངས་བཅས་ཀྱི་འབྲེལ་མཚམས་སུ་ཡོད་ཅིང་། ཤར་མཚོ་སྔོན་ཞིང་ཆེན་དང་། སི་ཁྲོན་ཞིང་ཆེན། ཀན་སུའུ་ཞིང་ཆེན་བཅས་ཀྱི་འབྲེལ་མཚམས་སུ་ཡོད་པ་དང་། སྤྱིའི་རིང་ཚད་ལ་སྤྱི་ལེ1241.33ཡོད་ལ། དོན་དངོས་སུ་ས་མཚམས་འབྱེད་རྟགས་ལྕགས་ཕུར10བཙུགས་ཡོད་ལ། དེར་ངོས་གཉིས་ཅན་གྱི་ལྕགས་ཕུར9དང་། ངོས་གསུམ་ཅན་གྱི་ལྕགས་ཕུར1བཅས་ཡོད། ལམ་ཐིག་འགྲམ་རྒྱུད་དེ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དང་ཁྲི་འདུ་རྫོང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་། པད་མ་རྫོང་། དར་ལག་རྫོང་། གཅིག་སྒྲིལ་རྫོང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་། དཀར་མཛེས་རྫོང་། རྫ་ཆུ་ཁ་རྫོང་། རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་། ཛམ་ཐང་རྫོང་སོགས་ཉེ་འགྲམ་གྱི་ཁུལ4དང་རྫོང11(གྲོང་ཁྱེར)དང་འབྲེལ་ཡོད། 

མཚོ་སྔོན་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱི་ས་མཚམས་སུ་རི་ཆུ་འབྲེལ་ཞིང་། ས་གཤིས་ཉེ་བ་དང་། མི་དང་མིའི་བར་འཆམ་མཐུན་གྱིས་གནས་ཡོད་པས། ས་མཚམས་ས་ཁུལ་གྱི་གཏན་འཇགས་དེ་ཞིང་ཆེན་གཉིས་ཀྱི་གྲོང་གསེབ་དར་སྤེལ་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་གཏན་འཇགས་དང་འབྲེལ་བ་ཡོད་ཅིང་། མཚོ་སྔོན་དང་སི་ཁྲོན་གྱི་ས་མཚམས་འབྱེད་རྟགས་ཀྱི་ལྕགས་ཕུར་ཁྱོན་ཡོངས་ནས་བརྗེ་བའི་བྱ་བ་ལེགས་པོར་སྒྲུབ་ཆེད། ཞིང་ཆེན་གཉིས་ཀྱི་དམངས་སྲིད་ཐིང་གིས་ཡུལ་དངོས་ནས་དཔྱད་འཇོག་བྱ་བ་རྩ་འཛུགས་བྱས་པའི་རྨང་གཞི་སྟེང་། དུས་ཡུན་ཉིན14རིང་སྤྱི་ལེ5600ལྷག་བསྐྱོད་དེ། མཚོ་སྔོན་དང་སི་ཁྲོན་སྲིད་འཛིན་ཁུལ་གྱི་ས་ཁོངས་འབྱེད་མཚམས་ཀྱི་ལྕགས་ཕུར10བརྗེས་པ་དང་། དེས་མཚོ་སྔོན་དང་སི་ཁྲོན་གྱི་ས་མཚམས་ས་ཁུལ་གྱི་འབྱེད་མཚམས་དོ་དམ་ཁྲིམས་སྐྱོང་འདུ་ཤེས་ཉིན་རེ་བཞིན་མཐོར་འདེགས་སུ་སོང་བ་མཚོན་ཡོད།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།