མཚོ་སྔོན་ཞིང་ཆེན་གྱི་གསར་བརྗེའི་དྲན་གསོ་ཁང6《ཀྲུང་གོའི་གསར་བརྗེའི་དྲན་གསོ་ཁང་གཅེས་བསྡུས》ནང་བདམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས8ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཁབ་རིག་དངོས་ཅུའུ་ཡིས་རྩོམ་སྒྲིག་བྱས་པའི《ཀྲུང་གོའི་གསར་བརྗེའི་དྲན་གསོ་ཁང་གཅེས་བསྡུས》ཞེས་པ་ཉེ་ཆར་འགྲེམ་སྤེལ་བྱས་པ་དང་། དེ་ནི་རྒྱལ་ཡོངས་ཀྱི་གསར་བརྗེའི་དྲན་གསོ་ཁང་གི་ནང་དོན་ཆ་ཚང་ཤོས་དེ་ཡིན་ལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གསོན་ཉམས་དོད་པའི་བསླབ་གཞི་ཞིག་ཀྱང་རེད། དེའི་ནང་རང་རེའི་ཞིང་ཆེན་གྱི་གསར་བརྗེའི་དྲན་གསོ་ཁང6བདམས་ཐོན་བྱུང་ཡོད།

གསར་བརྗེའི་དྲན་གསོ་ཁང6པོ་དེ་དག་སོ་སོ་ནི་མཚོ་སྔོན་རྡུལ་ཕྲན་གྲོང་གི་དྲན་གསོ་ཁང་དང་། ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་དམར་དམག་དྲན་གསོ་ཁང་། ཞོན་ཧྭ་ནུབ་ལམ་དམར་དམག་དྲན་གསོ་ཁང་། མཚོ་བོད་གཞུང་ལམ་གྱི་དྲན་གསོ་ཁང་། མོ་ཧོ་རྔ་མོང་རྭ་བའི་ལོ་རྒྱུས་རྟེན་རྫས་བཤམས་སྟོན་ཁང་། པད་མ་རྫོང་དམར་དམག་རྒྱང་སྐྱོད་དྲན་གསོ་ཁང་བཅས་རེད།

ཤེས་རྟོགས་བྱུང་བ་ལྟར་ན།《ཀྲུང་གོའི་གསར་བརྗེའི་དྲན་གསོ་ཁང་གཅེས་བསྡུས》ཞེས་པའི་དེབ་དེའི་ནང་རྒྱལ་ཡོངས་ཀྱི་གསར་བརྗེའི་དྲན་གསོ་ཁང1600ལྷག་གི་འཕེལ་རྒྱས་ཀྱི་གནས་ཚུལ་གཞི་རྩའི་ཆ་ནས་ཤེས་རྟོགས་བྱེད་ཐུབ། དུས་རབས་གསར་པའི་གསར་བརྗེའི་དྲན་གསོ་ཁང་གི་བྱ་བའི་གྲུབ་འབྲས་ཕྱོགས་ཡོངས་ནས་མཚོན་པ་དང་། དེ་རིག་དངོས་མ་ལག་དང་ཞིབ་འཇུག་མ་ལག་ལ་བརྟེན་ནས་ལས་རིགས་ཀྱི་ཆ་འཕྲིན་ལྟ་ཞིབ་བྱེད་པ་དང་། གསར་བརྗེའི་རིག་གནས་ཁྱབ་སྤེལ་བཅས་ལ་ཕན་ཐོགས་ཡོད། རྒྱལ་ཡོངས་ཀྱི་གསར་བརྗེའི་དྲན་གསོ་ཁང་དང་རྟེན་རྫས་བཤམས་མཛོད་ཁང་གི་ལས་རིགས་འཕེལ་རྒྱས་ཀྱི་ཕྱོགས་སྟོན་ཐོག་མ་དེ་ཡིན་པས་སྟོང་ཆ་བསྐངས་པའི་ནུས་པ་གལ་ཆེན་ལྡན་ཡོད། རང་རེའི་ཞིང་ཆེན་གྱི་གསར་བརྗེའི་དྲན་གསོ་ཁང6དེའི་ནང་བདམས་པ་དེས། སླད་ཕྱིན་རང་རེའི་ཞིང་ཆེན་གྱི་གསར་བརྗེའི་དྲན་གསོ་ཁང་གི་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། རྟེན་རྫས་བཤམས་མཛོད་ཁང་གི་གསར་བརྗེའི་རིག་དངོས་སྲུང་སྐྱོང་ལ་ཤུགས་སྣོན་པ། གསར་བརྗེའི་ལོ་རྒྱུས་དཔྱད་ཡིག་དང་རིག་དངོས་འཚོལ་བསྡུ་དང་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ། གསར་བརྗེའི་རིག་དངོས་ཀྱི་སྤུས་རྟགས་འགྲེམས་སྟོན་བྱེད་པ། གསར་བརྗེའི་སློབ་གསོའི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ལས་དོན་ལ་རྨང་གཞི་གལ་ཆེན་བཏིངས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།