མཚོ་ནུབ་ཁུལ་ཏང་ཨུའི་ཧྲུའུ་ཞི་ཟུར་པའམ། ཚྭ་འདམ་གཤོངས་སའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཅན་ཧྥུན་གྱིས་ཞིབ་བཤེར་བརྟག་དཔྱད་དང་ལེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ནུབ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཟུར་པའམ་ཚྭ་འདམ་གཤོངས་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་གྱི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཅན་ཧྥུན་གྱིས་སྒྲིག་ཁྲིམས་དང་འགལ་བའི་ནག་ཉེས་ཚབས་ཆེན་བཟོས་བར་དོགས་པ་ཡོད་པས། མིག་སྔར་ཞིང་ཆེན་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

ཝང་ཅན་ཧྥུན་གྱི་ལོ་རྒྱུས། 

ཝང་ཅན་ཧྥུན། ཕོ། རྒྱ་རིགས། 1970ལོའི་ཟླ4པར་སྐྱེས། ཧྲན་ཏུང་ལུང་ཁོའུ་ཡི་མི། ལས་ཐོག་ཞིབ་འཇུག་སློབ་མའི་བསླབ་གནས། 1989ལོའི་ཟླ4པར་བྱ་བར་ཞུགས།1993ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།

1989.04—1996.12 ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཆུས་རྩིས་བཤེར་ཅུའུ་ཡི་ལས་བྱེད་པ།

1996.12—1997.05 ཟི་ལིང་གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཐིང་ཕྱོགས་བསྡུས་ཁྲུའུ་ཡི་ཁོའོ་ཡོན།

1997.05—2001.02 ཟི་ལིང་གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཐིང་གི་དྲུང་ཡིག་ཁྲུའུ་ཡི་ཀྲུའུ་རེན་གཞོན་པའི་ཁའོ་ཡོན་དང་། ཁྲུའུ་ཀྲང་གཞོན་པ། ཁྲུའུ་ཀྲང་(ཁའོ་རིམ་པ)།

2001.02—2003.04 ཟི་ལིང་གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པ།

2003.04—2005.10 ཟི་ལིང་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཡིག་གཞོན་པ་དང་། གཞུང་ལས་ཐིང་གི་ཀྲུའུ་རེན། གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུའུ་ཡི་ཅུའུ་ཀྲང་།

2005.10—2008.01 ཟི་ལིང་གྲོང་ཁྱེར་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་དང་ཏང་ཨུའི་ཧྲུའུ་ཅི།

2008.01—2011.07ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་ཧྲུའུ་ཅི་གཞོན་པ་དང་། ཆུས་ཀྲང་གཞོན་པ། ཆུས་ཀྲང་ཚབ་མ། ཆུས་ཀྲང་།

2011.07—2014.08 ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་ཏང་ཨུའི་ཧྲུའུ་ཅི།

2014.08—2018.11ཟི་ལིང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ།

2018.11—2020.07ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་། ཧྲི་ཀྲང་གཞོན་པ། རིམ་པ་དང་པོའི་སྐོར་ཞིབ་པ།

2020.07—2021.04 མཚོ་ནུབ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ན་གོར་མོ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། རིམ་པ་དང་པོའི་སྐོར་ཞིབ་པ།

2021.04ལོ་ནས2021.08བར་མཚོ་ནུབ་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་། ཚྭ་འདམ་གཤོངས་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་གྱི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།

2021ལོའི་ཟླ8པར་མཚོ་ནུབ་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་། ཚྭ་འདམ་གཤོངས་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་གྱི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་གོ་གནས་ལས་འཐེན། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།