མཚོ་སྔོན་ཞིང་ཆེན་གྱི་ཐེངས62པའི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་གྱི་ཐེངས62པའི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་སྒྲུབ་མགོ་བརྩམས། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་གཙོ་སྒྲུབ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་འགན་སྒྲུབ་བྱས། གྲོང་ཁྱེར་དང་ཁུལ། ཞིང་ཆེན་ཐད་གཏོགས་ལས་ཁུངས། མཐོ་རིམ་སློབ་གྲྭ་ཁ་ཤས། ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་གཞོན་དར་ལས་བྱེད་པ39གསོ་སྦྱོང་ཁྲོད་ཞུགས་ཤིང་།  དུས་ཡུན་ཟླ4རིང་རེད།

གསོ་སྦྱོང་གི་སྐབས་སུ། ཕུལ་བྱུང་གསུང་རྩོམ་ཞིབ་ཀློག་དང་། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཅུ་བའི་དགོངས་དོན་ཀློག་འགྲེལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་འཛུགས་སྐྲུན། འཕྲལ་བསྟུན་ནུས་ཤུགས་མཐོར་འདེགས། ལས་བྱེད་པའི་ནུས་ཤུགས་མཐོར་འདེགས། སེམས་ཁམས་བདེ་ཐང་དང་མི་ཆོས་སྤུས་ཚད་མཐོར་འདེགས་སོགས་ཕྱོགས13ཐད་ནས་སློབ་སྦྱོང་བྱས་ཏེ། སློབ་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དུས་རབས་རྒྱབ་ལྗོངས་སུ་བྱེད་པ་དང་། ལོ་རྒྱུས་ཀྱི་གོ་གནས། ཚན་རིག་གི་མ་ལག  དགོངས་དོན་གྱི་ངོ་བོ་དང་ལག་ལེན་གྱི་བླང་བྱར་སྣེ་ཁྲིད་དང་ཁོང་དུ་ཆུད་པར་བྱས་ཏེ། གཞུང་ལུགས་ཀྱི་རྨང་གཞི་དང་ཏང་གཤིས་གསོ་སྦྱོང་མཐོར་འདེགས་སུ་གཏོང་རྒྱུ་རེད།

ཐེངས་འདིའི་གསོ་སྦྱོང་གིས་གཞུང་ལུགས་སློབ་སྦྱོང་དང་ཕུགས་འདུན་དད་སེམས་ཀྱི་སློབ་གསོ་སྤེལ་བ་བརྒྱུད། གཞུང་ལུགས་ཀྱིས་དོན་དངོས་ལ་སྦྲེལ་པའི་མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྦྱོང་སྲོལ་བཟང་དར་སྤེལ་དང་། སློབ་གྲྭའི་གསོ་སྦྱོང་དང་སློབ་ཕྱིའི་གསོ་སྦྱོང་གཉིས་ཟུང་འབྲེལ། སློབ་ཁང་སློབ་ཁྲིད་དང་ཡུལ་དངོས་སློབ་ཁྲིད་གཉིས་ཟུང་འབྲེལ། གཅིག་བསྡུས་སློབ་སྦྱོང་དང་རང་གི་སློབ་སྦྱོང་ཟུང་འབྲེལ། གཞུང་ལུགས་སློབ་སྦྱོང་དང་ཚན་ཆུང་ཞིབ་བསྡུར་གཉིས་ཟུང་འབྲེལ་བྱས་ཏེ། ཕྱོགས་བསྡུས་སྒོས་སློབ་ཁྲིད་དང་དཔེ་གཞི། བགྲོ་གླེང་། སློབ་མའི་གླེང་སྟེགས། ཡུལ་དངོས་སློབ་ཁྲིད་སོགས་ཀྱི་སློབ་ཁྲིད་རྣམ་པ་མང་པོ་སྤྱད་ནས། ཟུར་ཁྲིད་དང་།བགྲོ་གླེང་། བསམ་བློ་བརྗེ་རེས་བཅས་བྱས་པ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།