མཚོ་སྔོན་ཞིང་ཆེན་ཏང་ཨུས་བོད་འབྲེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས9ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་བོད་འབྲེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། ཁྱོན་ཡོངས་ནས་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་བོད་ལྗོངས་བྱ་བའི་གྲོས་ཚོགས་ཐེངས་བདུན་པའི་བཞུགས་མོལ་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པ་ནི་དུས་ཡུན་རིང་བོའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ལངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་། “ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ12”ཡི་དཀྱིལ་སྙིང་ཁོང་དུ་ཆུད་པར་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། ལག་ལེན་ཞིབ་འཇུག་དང་།བསམ་བློ་སློབ་གསོ། དྲིལ་སྒྲོག་སྣེ་ཁྲིད། ཟོང་རྟགས་འཛུགས་སྐྲུན། སྣང་བརྙན་བཞེངས་སྐྲུན། མཉམ་འདུས་འཕེལ་རྒྱས། དཔེ་སྟོན་སྣེ་ཁྲིད་སོགས་ཀྱི་བྱ་བ་ཤུགས་དྲག་ཏུ་བཏང་ནས། རིགས་སོ་སོའི་མང་ཚོགས་ཀྱི“ངོས་ལེན་ལྔ”མཐོར་འདེགས་སུ་གཏོང་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་དུས་རབས་གསར་བའི་ཏང་གི་བོད་སྐྱོང་འཐབ་ཇུས་ལག་ལེན་དོན་འཁྱོལ་དང་ཁ་བྲལ་ལ་ངོ་རྒོལ་བྱས་ཏེ། ཉེན་ཁ་འགོག་སྲུང་ཞི་འཇགས་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པ་དང་། བོད་འབྲེལ་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས། སྟོབས་ཤུགས་ཡོད་རྒུས་བོད་འབྲེལ་ས་ཁུལ་གྱི་གཏན་འཇགས་ལ་ཁག་ཐེག་བྱེད་དགོས། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”བོད་འབྲེལ་འཆར་འགོད་ལ་ཚན་རིག་སྒོས་འཆར་འགོད་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་དང་། གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་གཅིག་གྱུར་སྐུལ་འདེད་བཏང་ནས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། གཞི་རིམ་བྱ་བའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་ཀྱིས། “སྣེ་ཁྲིད”ཀྱི་བྱ་བ་ལེགས་པོར་སྒྲུབ་པ་དང་། གསར་དུ་བཟོ་བཅོས་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག》དྲིལ་སྒྲོག་དོན་འཁྱོལ་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ཀྱིས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བོད་འབྲེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་སོ་སོ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།