2021ལོའི་མཚོ་སྔོན་རེ་བའི་བཟོ་འགོད་ཀྱི་ཕུགས་འདུན་མངོན་འགྱུར་བྱ་འགུལ་སློབ་རོགས་མ་དངུལ་སྟེར་བའི་མཛད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས10ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ལྷན་དང་མཚོ་སྔོན་ཞིང་ཆེན་ན་ཆུང་གཞོན་ནུ་འཕེལ་རྒྱས་ཐེབས་རྩ་ཚོགས་པས་གཙོ་སྒྲུབ་བྱས་པའི2021ལོའི་མཚོ་སྔོན་རེ་བའི་བཟོ་འགོད་ཀྱི་ཕུགས་འདུན་མངོན་འགྱུར་བྱ་འགུལ་སློབ་རོགས་མ་དངུལ་སྟེར་བའི་མཛད་སྒོ་ཟི་ལིང་གྲོང་ཁྱེར་དུ་སྤེལ། ཞིང་ཆེན་མི་རབས་རྗེས་མར་ཐུགས་ཁུར་གནང་བའི་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་ཀྲའོ་ཆི་ཀྲུང་མཛད་སྒོར་ཞུགས་པ་མ་ཟད། སློབ་རོགས་མ་དངུལ་ཐོབ་པའི་སློབ་མར་རོགས་སྐྱོར་མ་དངུལ་བྱིན།

ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་སློབ་རོགས་མ་དངུལ་ཐོབ་པའི་སློབ་མའི་འཐུས་མི100ལྷག་བྱ་འགུལ་ཡུལ་དངོས་སུ་སླེབས། བྱ་འགུལ་ཁྲོད། 《ཏང་སེམས་བདེ་བར་བཞུགས་དང་། རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བར་ང་རང་ཡོད》ཅེས་པའི་གྱེར་འདོན་དང་། 《རེ་བའི་བཟོ་འགོད་ཀྱི་རྨི་ལམ་མངོན་འགྱུར་གཏམ་རྒྱུད》ཅེས་པའི་གཏམ་བཤད། སློབ་རོགས་མ་དངུལ་ཐོབ་པའི་སློབ་མའི་མཉམ་ལེན《མེས་རྒྱལ་ལ་བསྟོད་གླུ་ལེན》སོགས་ཀྱིས་རེ་བའི་བཟོ་འགོད་ཀྱིས་དཀའ་ངལ་ཁྱིམ་ཚང་གི་ན་ཆུང་གཞོན་ནུའི་སློབ་ཆེན་གྱི་ཕུགས་འདུན་མངོན་འགྱུར་དང་། དབུལ་ཐར་མཁྲེགས་གཏོར་ལ་རམ་འདེགས་བྱེད་པའི་ཐད་བཏོན་པའི་འབད་བརྩོན་དང་བྱས་རྗེས་མངོན་པར་མཚོན་ཡོད།

2006ལོར་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ལྷན་དང་མཚོ་སྔོན་ཞིང་ཆེན་ན་ཆུང་གཞོན་ནུ་འཕེལ་རྒྱས་ཐེབས་རྩ་ཚོགས་པས་མཚོ་སྔོན་གྱི་རེ་བའི་བཟོ་འགོད་ཀྱི“སློབ་ཆེན་གྱི་ཕུགས་འདུན་མངོན་འགྱུར”གྱི་སྤྱི་ཕན་སློབ་རོགས་བྱ་འགུལ་གྱི་གྲོས་མགོ་བཏོན་ནས། མཚོ་སྔོན་གྱི་གུང་གཞོན་ཚོགས་པས་སློབ་མར་རོགས་སྐྱོར་གྱིས་བདེ་བླག་ངང་སློབ་ཆེན་འགྲིམ་པའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འཆར་གཞི་མགོ་བརྩམས་པ་དང་། ལོ15ཡི་རིང་། མཚོ་སྔོན་གྱི་རེ་བའི་བཟོ་འགོད་ཀྱི“སློབ་ཆེན་གྱི་ཕུགས་འདུན་མངོན་འགྱུར”གྱི་སྤྱི་ཕན་སློབ་རོགས་བྱ་འགུལ་གྱིས2020ལོའི་ལོ་མཇུག་བར་དུ་བསྡོམས་པས་མ་དངུལ་སྒོར་ཁྲི5589.74བསྡུ་རུབ་བྱས་ཏེ། དབུལ་ཕོངས་སློབ་ཆེན་སློབ་མ15924ལ་རོགས་སྐྱོར་བྱས་ལ། 2021ལོར་མ་དངུལ་སྒོར་ཁྲི161.5བསྡུ་རུབ་བྱས་ཏེ་སློབ་མ323གྱི་སློབ་ཆེན་འགྲིམ་པའི་ཕུགས་འདུན་མངོན་འགྱུར་བྱས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།