མཱ་ཧེ་དབྱིན་གྱིས་མཉམ་འབྲེལ་ལས་གཞི་གལ་ཆེན་ལ་ལྟ་སྐུལ་མཛུབ་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བརྒྱད་ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧེ་དབྱིན་གྱིས་ཟི་ལིང་གྲོང་ཁྱེར་གད་སྙིགས་མེ་བསྲེགས་གློག་འདོན་ལས་གཞིར་རྟོག་ཞིབ་བྱས་པ་དང་ཡུལ་དངོས་ནས་ལས་གཞིའི་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ལས་གཞི་ལག་བསྟར་ཁྲོད་འཕྲད་པའི་གནད་དོན་དང་སྒྲིག་ཆས་ཆེ་གྲས་བཟོ་གྲྭར་སྐྱེལ་འདྲེན་བྱེད་པ་སོགས་ཀྱི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་དང་ཐག་གཅོད་བྱས།

ཟི་ལིང་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ལས་གཞི་ལག་བསྟར་ལས་ཁུངས་ཀྱིས་གནས་ཚུལ་ཡར་ཞུ་བྱས་པར་ཉན་རྗེས། མཱ་ཧེ་དབྱིན་གྱིས་བསྟན་དོན། ཞིང་ཆེན་དང་གྲོང་ཁྱེར་གྱི་མགོ་ཁྲིད་པའི་རྒྱབ་སྐྱོར་དང་མཐུན་སྦྱོར་འོག ཟི་ལིང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེ་བསྲེགས་གློག་འདོན་ལས་གཞི་བདེ་ལེགས་ངང་ལག་བསྟར་བྱས་པ་དང་ཆུ་གཏོང་སྦུག་ལམ་གྱི་སྐུད་པ་འདྲེན་པ་སོགས་ཀྱི་གནད་དོན་ནུས་ལྡན་སྒོས་ཐག་བཅད། ཁོས་ནན་གྱིས་བསྟན་དོན། ལས་བཟོ་དུས་སྐབས་བཟང་པོ་དམ་འཛིན་བྱས་ནས་ལས་གཞིར་སྐུལ་སྤེལ་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་དང་ལས་གཞིའི་འཛུགས་སྐྲུན་དུས་ལྟར་ལེགས་འགྲུབ་དང་དོན་འཁྱོལ་བྱེད་པར་ཁག་ཐེག་བྱེད་དགོས། གནད་དོན་གྱི་གསལ་ཐོ་བཟོས་ནས་གནད་དོན་རེ་རེ་བཞིན་དབྱེ་ཞིབ་བྱས་ནས་ཐག་གཅོད་བྱེད་དགོས་ལ། ལས་གཞིའི་འཛུགས་སྐྲུན་ལས་འགན་སྤུས་ཚད་མཐོ་བའི་ངང་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།