རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ཀྲུང་དབྱང་ལྟ་སྐུལ་ཚན་ཆུང་བཅོ་ལྔ་བས་མཚོ་སྔོན་ནས་འཐུས་མི་གཉིས་དང་ཨུ་ཡོན་གཅིག་གི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས10ཉིན། རྒྱལ་ཡོངས་སྲིད་ཁྲིསམ་དཔུང་སྡེའི་སློབ་གསོ་དག་ཐེར་ཀྲུང་དབྱང་ལྟ་སྐུལ་ཚན་ཆུང་བཅོ་ལྔ་བས་ཟི་ལིང་ནས་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་དང་དམངས་ཆེན་འཐུས་མི་སྐོར་ཞིག་དང་སྲིད་གྲོས་ཨུ་ཡོན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ཐད་ཀྱི་གྲོས་གཞི་ལ་ཉན། ཀྲུང་དབྱང་ལྟ་སྐུལ་ཚན་ཆུང་བཅོ་ལྔ་བའི་ཚན་གཙོ་ཅི་ལེན་གྱིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཀྲུང་དབྱང་ལྟ་སྐུལ་ཚན་ཆུང་བཅོ་ལྔ་བའི་མཚོ་སྔོན་ཚན་ཆུང་གི་ཚན་གཙོ། ཚན་གཙོ་གཞོན་པ། ནག་འཇོམས་ངན་སེལ་ལྟ་སྐུལ་གྱི་ཆེད་དོན་མི་སྣ་བཅས་བློ་མཐུན་ཚོགས་འདུར་ཞུགས། ཚོགས་ཐོག་ཏུ། ཚོགས་འདུར་ཞུགས་པའི་འཐུས་མི་གཉིས་དང་ཨུ་ཡོན་གཅིག་གིས་རང་ཉིད་ཀྱི་བསམ་འཆར་ལྷུག་པོར་བརྗོད་པ་དང་། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ཐད་ནས་བླངས་པའི་དུས་རིམས་རང་བཞིན་གྱི་གྲུབ་འབྲས་ཁས་ལེན་གང་ལེགས་བྱས་ལ། རང་སྟེང་གི་ལས་རིགས་ཁྱད་ཆོས་དང་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། ཟུར་སྣེ་མི་འདྲ་ས་དང་ཕྱོགས་ངོས་མི་འདྲ་ས་ནས་བློ་འདོན་ཇུས་འབུལ་བྱས་པ་དང་། སྐོར་ཐེངས་གཉིས་པའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ཐད་གྲོས་གཞི་བཏོན།

ཅི་ལེན་གྱིས་བསྟན་དོན། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་སྤེལ་བ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན་པ་དང་། དེའི་དམིགས་འབེན་ནི་ཆབ་སྲིད་ལ་བློ་དཀར་བར་བྱེད་པ་དང་སྐྱོན་ཆ་དང་གནད་དོན་བཅོས་སྐྱོང་བྱེད་པ། དཔའ་བོ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དེ་ཡིན་ལ། ཏང་དང་མི་དམངས་ཀྱིས་བློ་གཏད་ཆོག་པ་དང་རྒྱབ་རྟེན་ཆོག་པ། སེམས་བདེ་ཆོག་པའི་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། བསམ་བློའི་ངོས་ཟིན་མཐོར་འདེགས་གཏོང་བ་དང་། ཆབ་སྲིད་ཀྱི་རང་རྟོགས་མཐོར་འདེགས་གཏོང་བ་དང་མི་དམངས་བསམ་པའི་བརྩེ་སེམས་ཇེ་དྲག་ཏུ་གཏོང་བ། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བའི་ཐད་ནས་ཐུན་མོང་གི་ལྟ་བ་ཇེ་དྲག་ཏུ་གཏོང་བ་དང་། མཉམ་འཛིན་མཉམ་སྡོམ་བྱེད་པ། མཉམ་ཤུགས་གྲུབ་པར་བྱས་ནས། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།

ཅི་ལེན་གྱིས་ནན་གྱིས་བསྟན་དོན། འཐུས་མི་གཉིས་དང་ཨུ་ཡོན་གཅིག་གིས་རང་འགན་བྱ་བར་ཟུང་འབྲེལ་བྱེད་པ་དང་། ལས་རིགས་སོ་སོའི་དཔེ་མཚོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་སྤེལ་མཁན་བྱེད་དགོས། ཚང་མ་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ཐད་ཀྱི་བློ་འདོན་པ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་འདོད་བློ་དང་དགོས་མཁོ། རེ་སྒུག་ལ་ཁ་གཏད་པ། དུས་ཐོག་ཏུ་མི་དམངས་མང་ཚོགས་ཀྱི་ཞུ་གཏུག་དང་རེ་བ་བརྒྱུད་སྒྲོག་བྱེད་པ། མང་ཚོགས་ཀྱི་སེམས་ཁུར་དང་སེམས་ཁྲལ་བྱེད་པའི་གནད་དོན་ཡར་ཞུ་བྱས་ནས། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གྱིས་དམངས་ཚིས་ལ་ཕན་འདོགས་ཐུབ་པར་བྱེད་དགོས། ཚང་མ་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གྱི་དྲིལ་སྒྲོག་རུ་ཁག་བྱས་ནས། དྲང་ཕྱོགས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། སྲོལ་གསར་དྲང་ཤུགས་དར་སྤེལ་གཏོང་བ། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་དྲིལ་སྒྲོག་བྱེད་པ། མི་དམངས་མང་ཚོགས་ཀྱི་སློབ་གསོ་དག་ཐེར་ཐད་ཀྱི་རྒྱུས་ལོན་ཚད་དང་དེའི་ཁྲོད་ཞུགས་ཚད་མཐོར་འདེགས་བཏང་སྟེ། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ཐད་སྤྱི་ཚོགས་སྣང་ཚུལ་བཟང་བོ་བསྐྲུན་དགོས། ཚང་མ་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གྱི་ལྟ་སྐུལ་བ་བྱས་ནས། ཆ་འཕྲིན་ཕྱིར་བསྒྲགས་དང་སྲིད་ཇུས་ལག་བསྟར། ཁྲིམས་སྤྱོད་ཁྲིམས་འཛིན། མང་ཚོགས་ཡིད་ཚིམ་ཚད་སོགས་ཕྱོགས་ཀྱི་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། སྲིད་ཁྲིམས་ཉེན་རྟོག་པའི་ཁྲིམས་འགལ་སྒྲིག་འགལ་གནད་དོན་གྱི་ཁུངས་སྣེ་ཡར་ཞུ་བྱས་ནས། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གྱི་ཕན་འབྲས་རྒྱུན་མི་ཆད་པར་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།