མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཤིས་ཚིག ཏང་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན། ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་བཏོན་པའི་འབྲེལ་ཡོད་རེ་བ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས་པ་མ་ཟད། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་མགོ་འཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་ཀྲུང་དབྱང་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཉེར་གཅིག་པ། ཀྲུང་དབྱང་ཏང་གི་སློབ་གྲྭ་ན་གཞོན་དར་མའི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབ་པའི་མཛད་སྒོ་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་། 2021ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་གྲོས་ཚོགས་འཛམ་གླིང་ཞབས་ཞུ་ཉོ་ཚོང་མཐོ་རིམ་གྲོས་ཚོགས་དང་སྐབས་དྲུག་པའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ཚང་འཛོམས་གྲོས་ཚོགས་འགོ་རྩོམ་པའི་མཛད་སྒོ་སྟེང་གནང་བའི་ཤིས་ཚིག་བཅས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་སྐབས་བཅུ་དགུ་པའི་སྐོར་ཞིབ་ཐེངས་བདུན་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། ན་གཞོན་ལས་བྱེད་པ་སྐྱེད་སྲིང་བྱེད་པ། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར། ཨེ་ཤ་ཡ་ཤར་མའི་བྱང་ཤར་རྒྱུད་ཁུལ་ཁོངས་ཀྱི་མཉམ་ལས་གཙོར་བཟུང་ཡོད་པ་མ་ཟད། མིག་སྔར་ལ་རྐང་བཙུགས་ཤིང་ཡུན་རིང་ལ་རྒྱང་ལྟ་བྱས་ཡོད་པ་དང་རྒྱལ་ནང་ལ་རྐང་བཙུགས་པ་དང་འཛམ་གླིང་ལ་རྒྱང་ལྟ་བྱས་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ང་ཚོ་ཏང་གིས་ལོ་རྒྱུས་ལ་དཔེ་ལྟ་བྱེད་པ་དང་མ་འོངས་གསར་གཏོད་བྱེད་པའི་ཐད་ཀྱི་མཐོང་རྒྱ་ཆེན་པོ་དང་། ཏང་ལ་ཁྱོན་ཡོངས་ནས་དོ་དམ་ནན་མོ་བྱེད་པ་དང་སློབ་སྒྲུབ་སློབ་སྐྱོང་ལ་ཧ་ཅང་མཐོང་ཆེན་བྱེད་པ། ཚོང་རའི་འདྲ་མཉམ་དང་སྒྲིག་ལམ། གྲབས་གསོག་རྐྱེན་སྲོལ་དང་ཕན་ནུས། བཙོག་བཟོ་འགོག་བཅོས་དང་མཁྲེགས་གཏོར། བསྡོམས་རྩིས་བཅོས་བསྒྱུར་དང་གསར་གཏོད་ཐད་ཀྱི་མཐོ་གནས་བཀོད་སྒྲིག ན་གཞོན་ལས་བྱེད་པའི་ཆབ་སྲིད་ནུས་པ་བཟང་བོ་ཐད་ཀྱི་དོ་ཁུར་ཆེན་པོ། འདྲེན་བྱེད་སྟེགས་བུ་འཛུགས་པ་དང་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་པའི་ཐད་ཀྱི་འཆར་འགོད། མཉམ་དུ་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་མཉམ་ལས་འཕེལ་རྒྱས་ལ་འཆར་འགོད་བྱེད་པའི་ཐད་ཀྱི་ཕན་མཐོ་སྐུལ་འདེད་མཚོན་པར་བྱས་ཡོད་པས། སློབ་སྦྱོང་དང་རྒྱུས་ལོན་ནན་མོ་བྱེད་པ་དང་། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ། མིག་སྔར་གྱི་བྱ་བ་བཟང་བོར་བསྒྲུབ་ནས། ལག་བསྟར་དམ་འཛིན་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བའི་ཉམས་མྱོང་བརྗེ་རེས་གྲོས་ཚོགས་ནི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པ་དང་། ཀྲུའུ་ཞི་ཝང་དབྱང་གི་གསུང་བཤད་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཐེངས་བཞི་བ། ཐེངས་ལྔ་བ། སྤྱི་ཁྱབ་་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། དུས་རབས་གསར་བའི་སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བའི་ལག་ལེན་ཉམས་མྱོང་ལ་སྤྱི་སྡོམ་དང་། ཁྱད་ཆོས་ཆོས་ཉིད་ལ་རྒྱུས་ལོན། རྒྱུན་མཐུད་གསར་གཏོད་ལ་འཆར་འགོད་བཀོད་སྒྲིག་བྱས་པ་དེ་ཡིན། གྲོས་ཚོགས་དང་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་བཟང་བོ་བྱེད་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་སྣེ་ཁྲིད་དུ་བྱེད་པ་དང་། ཆབ་སྲིད་ཀྱི་སྣེ་ཁྲིད་རྒྱུན་མི་ཆད་པར་ཇེ་དྲག་ཏུ་གཏོང་བ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ། བློ་འདོན་ཇུས་འབུལ་བྱེད་པ། འགན་འཁྲི་་ལག་བསྟར་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་འདྲེན་བྱེད་དུ་བྱེད་པ་དང་། རླབས་ཆེན་གྱི་ཏང་འཛུགས་དགོངས་པ་དར་སྤེལ་བྱེད་པ། ཏང་ལ་བློ་དཀར་བའི་ཀུན་སྤྱོད་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྤྱོད་བཟང་། རང་གཅུན་ནན་མོ་བྱེད་པའི་ཀུན་སྤྱོད་བཅས་ཕྱོགས་ནས་གདོང་ལེན་པ་བྱེད་པ་དང་མིག་དཔེ་བྱེད་དགོས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པའི་གྲོས་གཞི་འགའ་དང་ལག་བསྟར་གྲོས་གཞི་ལག་བསྟར་བྱེད་པ་བྱེད་ཐབས་སུ་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཏང་གི་འཛུགས་སྐྲུན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་བསྟན་དོན། བློ་མཐུན་ཧུའུ་ཁྲུན་ཧྭ་ཡིས་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བྱེད་པ་དང་གྲོང་གསེབ་དར་སྤེལ་གཏོང་བ་གཉིས་ཕན་ཡོད་སྦྲེལ་མཐུད་བྱ་བ་ལྟ་ཞིབ་མཛུབ་སྟོན་བྱས་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལག་བསྟར་བྱེད་པའི་ཐད་ཀྱི་མཛུབ་སྟོན་ཡིན་ལ། བཏོན་པའི་ཕྱོགས་བཅུ་ཐད་ཀྱི་རེ་བ་ནི་གཙོ་གནད་སྨྲ་བ་དང་བྱེད་ཐབས་སྨྲ་བ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལ་ཤན་སྦྱར་བྱེད་པ་དང་། འབྲེལ་འདྲིས་བྱས་ནས་སློབ་སྦྱོང་བྱེད་པ་དང་སྦྲེལ་མཐུད་བྱས་ནས་རྒྱུས་ལོན་བྱེད་པ། ཟུང་འབྲེལ་བྱས་ནས་འཆར་འགོད་བྱེད་པ། འགུལ་སྐྱོད་བྱས་ནས་ལག་བསྟར་བྱེད་དགོས། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་ཐད་ཀྱི་རེ་སྒུག་གསར་བ་དང་མཐུན་པར་བྱེད་པ་དང་། དབུལ་ཕོངས་མེད་པར་བྱེད་པ་དང་མཉམ་དུ་ཕྱུག་པོར་བསྒྱུར་བ་གཉིས་ལ་དམ་འཛིན་བྱས་ཏེ། གོ་འཛོལ་མི་བྱུང་བ་གཉིས་དང་སྐུལ་འདེད་གཉིས། མཐོར་འདེགས་གཉིས་ལ་ཁག་ཐེག་བྱེད་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།