མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀྲུང་གོ་ཀྲུང་ཞིན་སྡེ་ཚོགས་ཚད་ཡོད་ཀུང་ཟི་གཉིས་ཀྱིས་ཟི་ལིང་ནས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཀོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས10ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀྲུང་གོ་ཀྲུང་ཞིན་སྡེ་ཚོགས་ཚད་ཡོད་ཀུང་ཟི་གཉིས་ཀྱིས་ཟི་ལིང་ནས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཀོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་དང་ཀྲུང་གོ་ཀྲུང་ཞིན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི། ལས་འཛིན་མགོ་གཙོ་ཀྲུའུ་ཧི་ཞིན་གཉི་ཀ་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་དང་ཀྲུང་གོ་ཀྲུང་ཞིན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཨུའི་ཨུ་ཡོན། སྤྱིའི་བདག་གཉེར་དོ་དམ་མགོ་གཙོ་གཞོན་པ་ཞུའུ་ཙོ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ཏེ་གྲོས་མཐུན་ཡི་གེར་མིང་རྟགས་བཀོད།

འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལྟར། ཕྱོགས་གཉིས་ཀྱིས་རྒྱང་རིང་ལ་དམིགས་ཤིང་འཕེལ་རྒྱས་ཐད་ལ་མཉམ་དུ་ཇུས་གཞི་འདོན་པ་དང་། ཕན་ཚུན་ལ་རྒྱབ་སྐྱོར་དང་གཉིས་ཕན་མཉམ་རྒྱལ་ཡོང་བར་བྱེད་པ་དང་། སྤུས་ལེགས་གཅིག་དང་སྔོན་འགྲོ་གཉིས་ཀྱི་འཐབ་ཇུས་དང་ས་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་པ་གཞིར་བཟུང་སྟེ་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་སུ་ཁྱབ་ཁོངས་མང་པོ་དང་རིམ་པ་མང་པོ་ནས་མཉམ་ལས་དང་བརྗེ་རེས་རྒྱ་བསྐྱེད་པར་ཤུགས་སྣོན་ཞིང་ཡུན་རིང་མཉམ་ལས་རྐྱེན་སྲོལ་འཛུགས་པ་དང་། བརྟན་བརླིང་སྒོས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།