ཀོས་ནན་རྫོང་གིས་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་འོག་གྲོང་གསེབ་བཅོས་སྐྱོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀོས་ནན་རྫོང་དེ་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་སྐོར་དང་པོའི་ཚོད་ལྟ་སྡེ་ཚན115ཡི་ནང་དུ་ཚུད་དེ། ཞིང་ཆེན་ཡོངས་ཀྱི་ཚོད་ལྟ་སྡེ་ཁག་ཏུ་ཚུད་པའི་དཔེ་སྟོན་རྫོང་གཅིག་པུར་གྱུར་པ་ནས་བཟུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གིས་ཁྱོན་ཡོངས་ལ་དམིགས་པ་དང་ཡུན་རིང་ཇུས་གཞི་འཐེན་པ་རྒྱུན་འཁྱོངས་བྱས་ཏེ། ཏང་འཛུགས་ཀྱིས་གྲོང་གསེབ་བཅོས་སྐྱོང་དང་གྲོང་གསེབ་དར་སྤེལ་ལ་རོགས་སྐུལ་བྱེད་པའི་ཁྱད་ལྡན་ལམ་བུ་གསར་པ་ཞིག་ཏུ་ཞུགས་ཡོད།

རྫོང་གི་གནས་ཚུལ་དང་ས་ཁུལ་གྱི་དོན་དངོས་གནས་ཚུལ་འབུར་དུ་བཏོད་པ་དང་། གནད་དོན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། “སྲོག་གཅིག་བཅོས་གསུམ+ཀོས་ནན་ཁྱད་ཆོས”ཀྱི་གྲོང་གསེབ་བཅོས་སྐྱོང་གི་སྒྲོམ་གཞི་མ་ལག་གཏན་འཁེལ་བྱེད་པ་སྟེ། ཏང་འཛུགས་སྐྲུན་སྣེ་ཁྲིད་སྲོག་ཤིང་བྱེད་པ་དང་། “རང་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་སྐྱོང”གི་བཅོས་སྐྱོང་སྣ་གསུམ་གཙོ་ཐིག་བྱེད་པ། མི་རིགས་ས་ཁུལ་གྱི་གྲོང་གསེབ་བཅོས་སྐྱོང་གི་ཁྱད་ཆོས་ལྡན་པའིxདཔེ་དབྱིབས་ཕྱོགས་ཡོངས་གསར་སྐྲུན་བྱེད་པ། མི་རིགས་ས་ཁུལ་གྱི་ཁྱད་ཆོས་ལྡན་པ་དང་ཀོས་ནན་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་བྱེད་སྟངས་གསལ་པོ་གསར་སྐྲུན་བྱེད་པ་བཅས་ཀྱིས། རོང་འབྲོག་ཁུལ་གྱི་རིགས་སོ་སོའི་ལས་དོན་ཡར་ངོའི་ཟླ་ལྟར་འཕེལ་བར་ཤུགས་གང་ཡོད་ཀྱིས་སྐུལ་འདེད་དང་། མཉམ་སྐྱོང་དང་མཉམ་སྐྲུན། མཉམ་རོལ་གྱི་སྤྱི་ཚོགས་བཅོས་སྐྱོང་བཀོད་སྟངས་བསྐྲུན་གང་ཐུབ་བྱས།

རྫོང་ཡོངས་ཀྱི་རང་བྱུང་རྩྭ་ས་སྤྱི་ཆིང་ཁྲི54ཡི་ཐོན་ཁུངས་དགེ་མཚན་ལ་བརྟེན་ནས། ནོར་གནག་དང་འབྲོག་ལུག་སོགས་གཙོ་བོ་ཡིན་པའི་གསོ་སྤེལ་ལས་རིགས་ཤུགས་ཆེན་པོས་འཕེལ་རྒྱས་བཏང་བ་དང་། “ཁྱིམ་རེའི་མི་རེ”ཡི་གནད་འཁེལ་ལག་བསྟར་ཐོན་ལས་འཕེལ་རྒྱས་ལས་གཞི་ཡིས། ཏག་ཏག་ཟླ་བ3གྱི་དུས་ཚོད་བེད་སྤྱད་དེ་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར7388ལ་འཕར་ནས། དབུལ་སྐྱོར་ཐད་མ་དངུལ་མང་པོ་བཏང་ཡང་ཡོང་སྒོ་འཕར་ཚད་དལ་བའི་དཀའ་ཁག་ཡོངས་སུ་བསལ། སྡེ་བའི་ཐུན་མོང་དཔལ་འབྱོར་ལ་སྣེ་ཁྲིད་དེ་མ་རྐང་ལམ་ལུགས་བཅོས་བསྒྱུར་བྱེད་པར་སྐུལ་འདེད་བྱས་པ་བརྒྱུད། རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ་ཐུན་མོང་གི“རྒྱུ་ནོར་གསུམ”གྱི་སྒོར་དུང་ཕྱུར2.49ཕན་ནུས་ལྡན་པའི་སྒོ་ནས་དངོས་འབེབས་བྱས་ཏེ། སྡེ་བ་རིམ་པའི“ཁྲག་བཟོ”བྱེད་ནུས་མུ་མཐུད་དུ་འཕེལ་རྒྱས་བཏང་སྟེ། གྲོང་གསེབ་བཅོས་སྐྱོང་ལ་ཐོན་ལས་རྨང་གཞི་བརྟན་པོ་བཏིང་།

“དབུལ་སྐྱོར་བྱེད་ན་ཐོག་མར་བློ་རིག་སྐྱོར་བ་དང་དབུལ་པོ་སྐྱོང་ན་ཐོག་མར་རྨོངས་གཉིད་སེལ་དགོས་པའི”དྲིལ་སྒྲོག་སློབ་གསོའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། “རིག་སྐྱོར་འཛིན་གྲྭ”སོགས་རིགས་སོ་སོའི་སློབ་གསོའི་གསོ་སྦྱོང་ཚོགས་འདུ་ཐེངས600ལྷག་ལ་སྤེལ་ནས། དབུལ་ཕོངས་མང་ཚོགས8800ལྷག་གིས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་དབུལ་ཐར་མངོན་འགྱུར་འབྱུང་བར་སྐུལ་ལྕག་དང་སྐུལ་ཁྲིད་བྱས། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་ཀོས་ནན་ཡན་ལག་སློབ་གྲྭ་དུས་ཐོག་ཏུ་རེ་ཞུ་བྱས་ཏེ་བཙུགས་པ་དང་། ཏང་ཡོན་གསོ་སྐྱོང་རྟེན་གཞི་གསར་འཛུགས་དང་ལས་རིགས་སློབ་གསོ་གསར་སྒྲུབ་བྱེད་པ། དེ་མིན་ཞིང་སྡེའི་རྩིས་གཉེར་པ་དང་ཕྱུགས་ཟོག་སྨན་པ། བོད་ལྭ་འཚེམ་བཟོ། མཛེས་རྒྱན་སྤྲས་པ་སོགས་རོང་འབྲོག་ཁུལ་གྱི་ཉེར་སྤྱོད་ཆེད་ལས12ཀྱི་སློབ་ཁྲིད་འཛིན་གྲྭ་གསར་དུ་བཙུགས་ཏེ། ཀོས་ནན་དང་དེའི་མཐའ་འཁོར་ས་ཁུལ་གྱི་སློབ་འབྲིང་དང་མཐོ་འབྲིང་མཐར་ཕྱིན་རྗེས་མུ་མཐུད་དུ་སློབ་གཉེར་མ་བྱས་པའི་མང་ཚོགས་བསྡུ་ལེན་བྱས་ནས། དབུལ་ཐར་རྩལ་ནུས་གསོ་སྦྱོང་སྐབས149ལ་སྤེལ་ཞིང་མི4497གསོ་སྦྱོང་བྱས་པ་དང་། གནས་སྤོ་ལས་ཞུགས་ཀྱི་ཚད70%ཡན་ལ་སླེབས་ཏེ། རང་ཡུལ་གྱི་འཇོན་ཐང་མི་སྣས་རྫོང་དར་སྤེལ་གཏོང་བར་རྒྱུན་མཐུད་ནས་ཤུགས་འདོན་ཀྱིན་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།