རྒྱལ་ཁབ་གློག་དྲ་མཚོ་སྔོན་དཔལ་འབྱོར་ལག་རྩལ་ཞིབ་འཇུག་གླིང་གིས“ཏང་འཛུགས་སྐྲུན+བདེ་འཇགས”ཆས་རྟགས་གསར་སྐྲུན་བྱེད་པའི་བྱ་འགུལ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་འཛུགས་སྐྲུན་གྱི་གསོན་ཤུགས་ཇེ་དྲག་དང་ཏང་འཛུགས་སྐྲུན་གྱི་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་བ། ཏང་འཛུགས་སྐྲུན་བྱ་བ་དང་བདེ་འཇགས་བྱ་བ་ནུས་ལྡན་གྱིས་གཞི་གཅིག་ཏུ་འདྲེས་པར་སྐུལ་འདེད་བྱེད་པ།“ཞིབ་བཤེར་ལྔ་དང་གཟབ་ནན་ལྔ”ཡི་ཉེན་ཁའི་མངོན་མེད་རྐྱེན་ངན་དག་ཐེར་བཅོས་སྐྱོང་བྱ་བར་སྐུལ་འདེད་བྱེད་པ་བཅས་ཀྱི་ཆེད་དུ། ཉེ་ཆར། རྒྱལ་ཁབ་གློག་དྲའི་མཚོ་སྔོན་དཔལ་འབྱོར་ལག་རྩལ་ཞིབ་འཇུག་གླིང་གིས་ཏང་ཡོན་རྩ་འཛུགས་བྱས་ཏེ“ཏང་འཛུགས་སྐྲུན+བདེ་འཇགས”ཆས་རྟགས་གསར་སྐྲུན་བྱེད་པའི་བྱ་འགུལ་སྤེལ་ནས། ཏང་ཡོན་ལས་བྱེད་པས་ཚད་མཐོན་པོའི་ཆབ་སྲིད་རང་རྟོགས་དང་བསམ་བློ་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་ཀྱིས་ཉེན་ཁའི་མངོན་མེད་རྐྱེན་ངན་དག་ཐེར་བཅོས་སྐྱོང་བྱེད་པའི་བྱ་འགུལ་ཏན་ཏིག་གིས་སྤེལ་བར་སྐུལ་འདེད་བྱས།

ཞིབ་འཇུག་གླིང་གིས་བདེ་འཇགས་ཐོན་སྐྱེད་ལ་དམ་པོར་དམིགས་ཏེ། “ཏང་འཛུགས་སྐྲུན+བདེ་འཇགས”ཆས་རྟགས་གསར་སྐྲུན་བྱ་བ་དང“ཞིབ་བཤེར་ལྔ་དང་གཟབ་ནན་ལྔ”ཡི་ཉེན་ཁའི་མངོན་མེད་རྐྱེན་ངན་དག་ཐེར་བཅོས་སྐྱོང་བྱེད་པ་ཟུང་འབྲེལ་བྱས་ནས། དམིགས་གཏད་རང་བཞིན་གྱིས་བདེ་འཇགས་ཐད་ཀྱི་མངོན་མེེད་རྐྱེན་ངན་དག་ཐེར་བཅོས་སྐྱོང་བྱེད་པའི་བྱ་འགུལ་རྒྱ་ཆེར་སྤེལ་ཐོག ཏང་རྩ་འཛུགས་དང་ཏང་ཡོན་གྱིས་བདེ་འཇགས་ཐོན་སྐྱེད་ཁྲོད་ཐོན་པའི་དཔེ་སྟོན་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས། བྱ་འགུལ་ཁྲོད་མེ་འགོག་བདེ་འཇགས་དང་ཟས་རིགས་བདེ་འཇགས་སོགས་བདེ་འཇགས་ཐོན་སྐྱེད་ཀྱི་དཀའ་གནད་དང་གཙོ་གནད་ལ་ཟུང་འབྲེལ་བྱེད་པར་དོ་སྣང་བྱས་ཏེ། ཆ་འཕྲིན་དྲ་རྒྱ་དང་སྒྲིག་ཆས། ཡོ་བྱད། མེ་འགོག འགྲིམ་འགྲུལ། ཟས་རིགས་འཕྲོད་བསྟེན་དང་རིམས་འགོག་སོགས་ཆེད་ལས་ཁྱབ་ཁོངས་ཀྱི་བདེ་འཇགས་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་ཁྱོན་ཡོངས་ནས་རིམ་བཤེར་བྱས་ཏེ། ཏང་ཡོན་གྱི“བདེ་འཇགས་ཨང་དང་པོ་དང་སྔོན་འགོག་གཙོ་བོ་ཡིན་པའི”འདུ་ཤེས་བརྟན་པོར་ཆགས་སུ་འཇུག་པ་དང་། ཁྱོན་ཡོངས་འདུ་ཤེས་དང་འགན་འཁྲི་འདུ་ཤེས། སྡུག་འབྱུང་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བ། བསམ་བློ་དང་འགུལ་སྐྱོད་སྔར་བས་གཅིག་གྱུར་བྱེད་པ།“ཏང་འཛུགས་སྐྲུན+བདེ་འཇགས”ཀྱི་དཔེ་དབྱིབས་སྔར་བས་ཕུན་ཚོགས་སུ་གཏོང་བ། “བདེ་འཇགས་ཐོན་སྐྱེད་ཀྱི་གཞི་རྩ་ནི་མི་ཡིན་པའི”བསམ་བློའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱིས། བདེ་འཇགས་ཀྱི་ཁོར་ཡུག་སྟུག་པོ་ཞིག་བསྐྲུན་པ་རེད།

གནད་དོན་གྱི་ཁྲིད་ཕྱོགས་དང་གནས་མཚམས་ཡང་དག་ཅིག་འཚོལ་བའི་སྲོག་ཤིང་ནི“མི”ཡིན་པ་རྒྱུན་འཁྱོངས་བྱེད་པ། དཔེ་མཚོན་གྱོད་དོན་དབྱེ་ཞིབ་དང་གནས་མཚམས་འཚོལ་བ་བརྒྱུད་དེ་བདེ་འཇགས་ཐོན་སྐྱེད་ལ་ལས་འཛོལ་འབྱུང་བའི་ཆེས་ཐད་ཀར་དང་ཆེས་གཙོ་བོའི་རྒྱུ་རྐྱེན་ནི“མི”ཡིན་པ་གསལ་པོར་ངེས་ཡོད། དེ་མ་ཟད་གནད་དོན་དེ་ཁྲིད་ཕྱོགས་སུ་བཟུང་ནས “མི”ནི་སྲོག་ཤིང་བྱས་ཐོག བསམ་བློའི་ངོས་ཟིན་ཇེ་དྲག་དང་། གནད་དོན་དང་མི་འདང་ས་འཚོལ་ཞིབ་བྱེད་པ། ཁོངས་མི་ཡོངས་ཀྱིས་གཟབ་ནན་གྱིས་སློབ་སྦྱོང་བྱེད་པ་དང་གོ་དོན་གསལ་པོར་རྟོགས་པ། དོན་འཁྱོལ་ལག་ལེན་བྱེད་པ་བཅས་ལ་སྣེ་ཁྲིད་པར་མ་ཟད། སེམས་གཏམ་བཤད་པ་དང་གླེང་མོལ་བྱེད་པ་བརྒྱུད་བསམ་བློའི་འགུལ་རྣམ་རྒྱུས་ལོན་བྱེད་པ་དང་གནད་དོན་ཐག་གཅོད་བྱས་ཏེ། དྲང་ནུས་བརྒྱུད་སྒྲོག་བྱས།

རིམ་པ་རྗེས་མར། ཞིབ་འཇུག་གླིང་གིས“བདེ་འཇགས་ཨང་དང་པོ་དང་སྔོན་འགོག་གཙོ་བོར་འཛིན་པ། ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི”བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། བདེ་འཇགས་འགན་འཁྲི་ལམ་ལུགས་དངོས་འབེབས་ནན་འཛིན་བྱེད་པ། “ཞིབ་བཤེར་ལྔ་དང་ཏན་ཏིག་ལྔ”ཡི་ཉེན་ཁའི་མངོན་མེད་རྐྱེན་ངན་དག་ཐེར་བཅོས་སྐྱོང་བྱ་བ་ཏན་ཏན་ཏིག་ཏིག་གིས་ལེགས་པོར་སྒྲུབ་པ། གཟབ་ནན་གྱིས་ཇུས་གཞི་ལྟར་དུ་ཕྱོགས་བསྡུས་ཞིབ་བཤེར་བྱེད་པ་བཅས་ཀྱིས། ཆེད་དོན་གྲོས་ཚོགས་འཚོགས་ཏེ་གནད་དོན་དང་ལེགས་བཅོས་བྱས་པའི་གནས་ཚུལ་བརྡ་ཁྱབ་གཏོང་རྒྱུ་རེད། དུས་མཚུངས་སུ། ཏང་ཡོན་གྱི་ཉེ་འགྲམ་དུ་ལས་འཛོལ་མེད་པ་སོགས་ཀྱི་བྱ་འགུལ་ཧུར་ཐག་གིས་སྤེལ་བ་དང་། ཏང་ཀྲི་པུའུ་ཡི་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལོ་ཧྲིལ་པོར་ལས་འཛོལ་གཅིག་ཀྱང་མི་འབྱུང་བའི་དམིགས་འབེན་བདེ་བླག་ངང་མངོན་འགྱུར་འབྱུང་བར་འགན་སྲུང་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།