མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱི་ཏང་ཨུ་ཧྲུའུ་ཅིའམ་ཚྭ་འདམ་གཞོང་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཆུས་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཟུར་པ་ཝང་ཅན་ཧྥིན་ཀྱིས་ཞིབ་བཤེར་བརྟག་དཔྱད་དང་ལེན་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཚེས10ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན།  མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུ་ཧྲུའུ་ཅིའམ་ཚྭ་འདམ་གཞོང་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཆུས་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཟུར་པ་ཝང་ཅན་ཧྥིན་ལ་ཁྲིམས་འགལ་སྒྲིག་འགལ་གྱི་དོགས་གཞི་ཚབས་ཆེན་ཡོད་པས། མིག་སྔར་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྒྲིམ་ཁྲིམས་ཞིབ་བཤེར་དང་ལྟ་སྐུལ་བརྟག་དཔྱད་བྱེད་བཞིན་པའི་སྒང་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།